བོད་ལྗོངས་རིགས་སོ་སོའི་མང་ཚོགས་ཀྱིས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་དྲུག་བཅུ་ལོན་པར་རྟེན་འབྲེལ་ཞུ་བཞིན་འདུག
2019.03.29 ཁུངས། ཀློག་གྲངས། 34

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། བོད་ལྗོངས་རིགས་སོ་སོའི་མང་ཚོགས་ཀྱིས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་དྲུག་བཅུ་ལོན་པར་རྟེན་འབྲེལ་ཞུ་བཞིན། བདེ་སྐྱིད་ཀྱི་འཚོ་བ་ལ་བསྟོད་བསྔགས་དང་མེས་རྒྱལ་གྱི་གཟི་བྱིན་ལ་གཅེས་འབོད་བྱེད་ཀྱིན་འདུག

བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ཁྲི་སྟོང་མང་པོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འདུས་ནས། གཟབ་རྒྱས་ངང་རྒྱལ་དར་བསྒྲེངས་ཤིང་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།

བོད་ལྗོངས་ཞིང་བྲན་ཁྲི་སྟོང་མང་པོ་བཅིངས་འགྲོལ་བྱས་པའི་དྲན་གསོ་ཁང་ཉིན་དེར་དངོས་སུ་ཀུན་ལ་སྒོ་ཕྱེས་ཤིང་། ཡི་གེ་དང་རི་མོ། བརྙན་རིས་སོགས་རྩ་ཆེ་བའི་ལོ་རྒྱུས་རྒྱུ་ཆ་འགྲེམ་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ལོ་རྒན་དྲུག་བཅུའི་འཕེལ་རྒྱས་ཀྱི་བཤུལ་ལམ་དང་འཚར་སྡུག་གི་གྲུབ་འབྲས་བསྐྱར་མཚོན་ཐེངས་ཤིག་བྱས།

ལོ་འཁོར་དྲུག་བཅུའི་འགྱུར་ལྡོག་གི་ཁྲོད་ནས། བོད་ལྗོངས་ཀྱི་ས་ཁུལ་སོ་སོ་དང་། ཞང་དང་གྲོང་ཁྱེར་ཀུན་ན་དུས་ཆེན་གྱི་སྤྲོ་དགའ་ལ་ཡོ་ལང་རྣམ་པར་རྒྱས་འདུག

དམངས་གཙོ་བཅོས་སྒྱུར་གྱི་སྡེ་བ་དང་པོ་སྟེ། ཧྲན་ནན་གྲོང་ཁྱེར་ཁེ་སུང་གཞིས་ཁུལ་གྱི་ས་གནས་མང་ཚོགས་ཀྱིས་ཞིང་བྲན་གྱི་མིག་ཆུ་ཞེས་པའི་ཟློས་གར་ཞིག་རང་ཉིད་ཀྱིས་བསྒྲིགས་ཤིང་འཁྲབ་སྟོན་བྱས་ནས། ཀུན་ལ་ལོ་རྒྱུས་ཀྱི་དྲན་པ་མི་བརྗེད་པ་དང་། དེ་རིང་གི་བདེ་སྐྱིད་ལ་གཅེས་སྤྲས་བྱེད་དགོས་པའི་སྐུལ་མ་བཏང་། མངའ་རིས་ས་ཆའི་མཚོ་ཆེན་རྫོང་དང་གཞིས་ཀ་རྩེའི་འགྲམ་གཞིས་ཁུལ་སོགས་སུ་རིགས་སོ་སོའི་མང་ཚོགས་ཀྱིས་གླུ་ལེན་གར་རྩེ་བྱས་ནས་བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ལེན་བཞིན་གདའ།