ཉེ་ལམ། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཚོ་སྔོན་སློབ་གསོའི་རོགས་སྐྱོར་ཚོགས་པ་ཁྲིད་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏ་ཚེ་ཏན་སྲིད་འཛིན་ཏང་ཨུའི་ལས་ཁུངས་སུ་སོང་སྟེ་ཚོགས་ཁག་རང་བཞིན་གྱི་ཁ་གཏད་རོགས་སྐྱོར་བྱ་འགུལ་སྤེལ། ཐེངས་འདིའི་མཚོ་སྔོན་སློབ་གསོའི་རོགས་སྐྱོར་ཚོགས་པ་དེ་ཧང་ཀྲིག་ནས་ཡོང་བའི་དགེ་རྒན་བཅུས་གྲུབ་པ་ཡིན།
ཏ་ཚེ་ཏན་ཏང་ཨུའི་ལྟེ་གནས་སློབ་གྲྭའི་ལས་བྱེད་པ་དང་དགེ་སློབ་ཀྱི་འཐུས་མི་ཉིས་བརྒྱ་ལྷག་བྱ་འགུལ་ལ་ཞུགས། ཐེངས་འདིའི་བྱ་འགུལ་བདེ་བླག་ངང་སྤེལ་བ་དེས་ཏ་ཚེ་ཏན་གྱི་སློབ་གསོའི་ལས་དོན་གྱི་ཞན་ཆ་ཁ་གསབ་བྱེད་པ་དང་མི་འདང་ས་ལེགས་སྒྱུར་བྱེད་པ། ནུས་པ་ཇེ་མཐོར་གཏོང་བར་རོགས་སྐྱོར་ཆེན་པོ་བྱེད་ངེས་ཡིན། ཡུལ་དངོས་ནས་ལྟ་སྦྱོང་དང་སློབ་ཁྲིད། སློབ་གསོའི་ཞིབ་འཇུག་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད། ཏ་ཚེ་ཏན་སྲིད་འཛིན་ཏང་ཨུའི་ལྟེ་གནས་སློབ་གྲྭའི་དགེ་སློབ་རྣམས་ཀྱི་བསམ་ཕྱོགས་རྒྱ་སྐྱེད་པར་མ་ཟད། ས་གནས་གཉིས་བར་གྱི་དགེ་རྒན་གྱིས་བསམ་བློ་བརྗེ་རེས་བྱེད་པར་ཤུགས་བསྣན་ནས་ཚང་མའི་སློབ་ཁྲིད་ཞིབ་འཇུག་གི་འདུ་ཤེས་དང་སློབ་ཁྲིད་སྤུས་ཚད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།