སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཕན་འབྲས་མངོན་གསལ་གྱིས་མཐོ་བའི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་བྱས། མིག་སྔར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་ཚན་ཆུང་བཙུགས་པ་དང་། ཁུལ་ཡོངས་ཀྱི་ས་ཁུལ་དྲུག་དུ་ཁོར་ཡུག་མཁོ་བསྟུན་ལྟ་ཞིབ་ཚད་ལེན་དང་མི་མེད་གནམ་གྲུའི་སྐོར་ཞིབ་བྱེད་པའི་བྱ་བ་སྤེལ།
གཟའ་འཁོར་གཅིག་རིང་གི་མི་མེད་གནམ་གྲུའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཞིབ་བྱས་པ་བརྒྱུད། སྐོར་ཞིབ་ཀྱི་ཐོལ་བརྒལ་གསར་བ་མངོན་འགྱུར་བྱས་པ་དང་། ཁོར་ཡུག་དོ་དམ་གྱི་ཚན་རིག་རང་བཞིན་དང་ཆ་འཕྲིན་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་བཏང་བ་དང་། ས་ཁུལ་སོ་སོའི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ནུས་པ་ཇེ་མཐོར་བཏང་བ་མ་ཟད་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱས་པ་རེད།