ན་ནིང་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་ཁང་བཅོས་སྒྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིས་གྲུབ་པའི་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། དམིགས་འབེན་གཅིག་ཏུ་འདུ་བར་བྱེད་པ་དང་འོས་འགན་ཡོངས་འགྲུབ་བྱེད་པ། གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པ་བཅས་ལ་འབད་ནས། ཞིང་ཆེན་ཡོངས་ཀྱི་སྤྱོད་ཁང་བཅོས་སྒྱུར་བྱ་བར་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་སྐུལ་འདེད་བཏང་། ལོ་ཧྲིལ་བོའི་རིང་ལ་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད་གཞི་ནས་རིགས་མི་འདྲ་བའི་སྤྱོད་ཁང་ཁྲི་དྲུག་དང་སྟོང་ལྔ་བརྒྱ་དང་གསུམ་ལག་བསྟར་བྱས་ཡོད་ཅིང་། ལོའི་དམིགས་ཚད་ལས་བརྒྱ་ཆའི་བཞི་བརྒལ་བ་དང་། དེས་སྤྱིའི་འོས་འགན་གྱི་བརྒྱ་ཆའི་སོ་གསུམ་ཟིན།
ཉིས་སྟོང་བཅུ་དགུ་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བྱེད་པའི་ལོ་ཞིག་ཡིན་པར་མ་ཟད། དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ་སྤྱོད་ཁང་བཅོས་སྒྱུར་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བའི་མཁྲེགས་གཏོར་གྱི་ལོ་ཞིག་ཀྱང་ཡིན། ཧུར་བརྩོན་ཆེན་པོ་བརྒྱུད་དེ་གཞི་ནས་གཙང་མ་དང་འཕྲོད་བསྟེན། ཕྱིའི་བཀོད་པ་མཛེས་པ། མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་སྤྱོད་ཁང་གསར་འཛུགས་བྱས་ནས། མཁར་གྲོང་སྡོད་དམངས་ཀྱི་མི་སྡོད་ཁོར་ཡུག་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་ལས་ཇེ་མཐོར་བཏང་བར་མ་ཟད། སྤྱིའི་ཞབས་ཞུའི་ཆུ་ཚད་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་མཐོར་བཏང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་མངོན་འགྱུར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པར་སྒུལ་ཤུགས་གསར་བ་བསྣན་མཐར། སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་བྱས།