ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་འགྲན་རིམ་ཁྲོད་གསེར་གྱི་རྟགས་མ་བླངས།
2019.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིན་དུས་ཚོད་ཀྱི་ཟླ་བཞི་བའི་ཚེས་བདུན་ཉིན་གྱི་ཐོ་རེངས་ཆར་མཇུག་སྒྲིལ་མ་ཐག་པའི། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་འགྲམ་སྡུར་ལས་ཕུའུ་ཐོ་ཡ་འགྲན་རིམ་ཁྲོད་དུ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་རྒྱུག་ཡུན་དུས་ཚོད་གཅིག་དང་སྐར་མ་ཉེར་དགུ་སྐར་ཆ་གཅིག་གི་གྲུབ་འབྲས་ཀྱིས། ཐེངས་འདིའི་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས་བ་དང་། སྔ་ཕྱི་བསྡོམས་ན་ཆོས་དབྱིངས་སྐྱིད་ཀྱིས་འདུར་རྒྱུག་འགྲམ་སྡུར་ཁྲོད་གསེར་གྱི་རྟགས་མ་ཐེངས་གསུམ་ལ་བླངས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།