ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་མཐོ་སྒང་གི་མཛེས་པའི་ཞང་དང་སྡེ་བ་བརྒྱ་དང་ཉི་ཤུ་བསྐྲུན་རྒྱུ་རེད།
2019.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ཞང་དང་སྡེ་བ་བསྐྱར་དར་འཐབ་ཇུས་ལག་བསྟར་ནན་མོ་བྱས་ནས། ཞན་ཆ་དུས་ལྟར་གསབ་པར་ཤུགས་བཏོན་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞང་དང་སྡེ་བ་བསྐྱར་དར་གྱི་ཚོད་གནས་དཔེ་སྟོན་སྡེ་བ་བཅུ་བསྐྲུན་པའི་རྨང་གཞིའི་སྟེང་དུ། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་རིམ་པའི་ཚོད་གནས་སྡེ་བ་བཞི་དང་གྲོང་ཁྱེར་རིམ་པའི་ཞང་དང་སྡེ་བ་བསྐྱར་དར་གྱི་དཔེ་སྟོན་ཚོད་གནས་སྡེ་བ་བཅུ་བསྐྲུན་པར་རྩ་འཛུགས་ལག་བསྟར་བྱས་ནས། ཁྱོན་བསྡོམས་མཐོ་སྒང་གི་ཆེས་མཛེས་པའི་ཞང་དང་སྡེ་བ་བརྒྱ་དང་ཉི་ཤུ་བསྐྲུན་པར་འབད་འབུངས་བྱས་ཏེ། ཞིང་གྲོང་གི་མི་སྡོད་ཁོར་ཡུག་སྔར་ལས་ཇེ་རྒྱས་ལེགས་སུ་གཏོང་རྒྱུ་རེད།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།