གཅན་ཚ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་ལས་བྱེད་པ་བརྒྱ་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་གཅིག་དང་བསྒྲུབ་པ་གཉིས། སྐུལ་གཏོང་གསུམ་གྱི་བྱ་འགུལ་སྤེལ
2019.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

བསྟུད་མར་ཉིན་འགའི་རིང་ལ། གཅན་ཚ་རྫོང་གིས་གཞི་རིམ་དུ་སོང་ནས་རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ཐག་གཅོད་པ། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་ལས་བྱེད་པ་བརྒྱ་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་གཅིག་དང་བསྒྲུབ་པ་གཉིས། སྐུལ་གཏོང་གསུམ་གྱི་བྱ་འགུལ་སྤེལ་བ་བརྒྱུད་དེ། ཏང་གི་དམངས་ཕན་དམངས་འཕེལ་གྱི་སྲིད་ཇུས་ལག་བསྟར་བཟང་བོ་བྱས་པ་དང་། མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབས།

གཅན་ཚ་རྫོང་གིས་ཕྱོགས་མང་པོའི་ཐད་ནས་ཡིག་ཆ་དང་པོའི་དགོངས་དོན་དང་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བཟང་བོ་བྱས་པ་སྟེ། གཅིག་ནས་ཡི་གེ་དང་པར་རིས་ཟུང་འབྲེལ་བྱས་པ་དང་། གཅན་ཚའི་དྲིལ་སྒྲོག་སོགས་དྲིལ་སྒྲོག་སྟེགས་བུ་དང་། ཞང་དང་གྲོང་རྡལ་སོ་སོའི་སྐད་འཕྲིན་དངqqཚོགས་པ། སྐད་འཕྲིན་ཚོགས་པ་ལ་ཟུང་འབྲེལ་བྱས་ནས་དུས་ལྟར་འབྲེལ་ཡོད་སྲིད་ཇུས་དང་ཡིག་ཆ་ལྟ་ཀློག་དང་འགྲེལ་ཀློག་བྱས་ལ། ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ནས་སྲིད་ཇུས་ཀྱི་ཡིག་ཆ་སྣ་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས། གཉིས་ནས་སྒྲ་དང་བརྙན་རིས་ཟུང་འབྲེལ་བྱས་པ་དང་། སྡེ་ཁག་སོ་སོ་དང་ཞང་དང་གྲོང་རྡལ་གྱི་སྐད་འཕྲིན་སྟེགས་བུ་དང་རྫོང་རླུང་འཕྲིན་ཁང་བརྒྱུད་དེ། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས། གསུམ་ནས་ཁྱིམ་ཚང་དུ་བསྐྱོད་པ་དང་གཅིག་བསྡུས་དྲིལ་སྒྲོག་གཉིས་ཟུང་འབྲེལ་བྱས་ནས། ལས་བྱེད་པ་བརྒྱ་འཐེན་སྐོང་བྱས་པའི་རྨང་གཞིའི་སྟེང་། རྫོང་ཏང་ཨུའི་དར་དམར་སྒྲོག་འགྲེལ་ཚོགས་པ་དང་ཞང་དང་གྲོང་རྡལ་གྱི་སྒྲོག་འགྲེལ་ཚན་ཆུང་མང་ཚོགས་བགོས་ནས་སྒྲོག་འགྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དང་ན་གཞོན་དང་བླངས་པ། སྡེ་བའི་ཧྲུའུ་ཅི་དང་པོ་སོགས་ཞང་དང་གྲོང་རྡལ། སྡེ་བ་སོགས་སུ་མངག་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་མ་ཟད། ངག་ཐོག་ནས་བརྒྱུད་སྒྲོག་བྱེད་པའི་ཕན་འབྲས་འདོན་སྤེལ་བྱས་ཏེ། ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་གཞི་རིམ་དུ་བརྒྱུད་སྒྲོག་བྱས། མིག་སྔའི་བར་དུ། བསྡོམས་པས་གཅིག་བསྡུས་སྐུལ་སློང་དྲིལ་སྒྲོག་འགྲེལ་ཚོགས་འདུ་ཐེངས་བརྒྱ་དང་ཉི་ཤུ་བསྡུས་པ་དང་། བྱ་བའི་ཚན་ཆུང་ཁྱིམ་ཚང་སྟོང་བརྒྱད་དུ་སོང་ལ། སྒྲོག་འགྲེལ་གྱི་ཁེབས་ཚད་བརྒྱ་ཆའི་བརྒྱད་ཅུ་རུ་སླེབས།