ཁུལ་ཨུའི་ཧྲུའུ་ཅི་བང་ཀྲིན་ཁྲང་སོགས་མགོ་ཁྲིད་རྣམས་ཀྱིས་ཉེ་རབས་རེབ་གོང་ཐང་གའི་སློབ་དཔོན་ཆེན་མོ་ཀུན་བཟང་གི་གཞིས་རྙིང་དུ་བཅར་འདྲི་བྱས་པ།
2019.04.08 ཁུངས། ཀློག་གྲངས། 105

རྐང་འཇབ་ལག་འཇབ་ཀྱིས་དལ་བུར་ཕེབས་པའི་དཔྱིད་དཔལ་བུ་མོའི་འཛུམ་ཆུང་ཁྲོད།ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ཏུ“བཅར་འདྲི་ཆེན་མོ་དང་རྟོག་ཞིབ་ཆེན་མོའི”བྱ་འགུལ་སྤེལ་ཏེ།  རེབ་གོང་རིག་པ་འབྱུང་པའི་གྲོང་ཁྱེར་གྱི་མ་འོངས་པའི་འཆར་འགོད་ལ་བྲེལ་འདུག

ཉེ་ལམ།  ཁུལ་ཨུའི་ཧྲུའུ་ཅི་བང་ཀྲིན་ཁྲང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཆའོ་ཞུའེ་ཀྲི།  ཁུལ་དམངས་ཆེན་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་། ཁུལ་དམངས་ཆེན་ཀྲུའུ་རིན་གཞོན་པའམ་རོང་བོ་དགོན་ཆེན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤར་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོོ་སོགས་ཀྱིས་ཉེ་རབས་རེབ་གོང་ཐང་གའི་སློབ་དཔོན་ཆེན་མོ་ཀུན་བཟང་ལགས་ཀྱི་གཞིས་རྙིང་དུ་བཅར་འདྲི་བྱས།

སློབ་དཔོན་ཆེན་མོ་ཀུན་བཟང་ལགས་ཀྱི་བུ་རྒན་པ་དཀོན་མཆོག་རྒྱལ་གྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་སུ་སློབ་དཔོན་ཁོང་གིས་སྒྱུ་རྩལ་པ་རྣམས་ཁྲིད་དེ་རེབ་གོང་ཐང་གར་བཞག་པའི་བླ་མེད་མཛད་རྗེས་དང་སྨན་ཐང་ལུགས་ཀྱི་རྒྱུན་འཛིན་དར་སྤེལ་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་།  ཉེ་ཆར་ལེགས་འགྲུབ་བྱུང་པའི་སློབ་དཔོན་ཆེན་མོ་ཀུན་བཟང་ལགས་ཀྱི་འཇིམ་བཟོས་སྐུ་བརྙན་སོགས་འགྲེམས་སྟོན་བྱས།

མགོ་ཁྲིད་རྣམས་ཀྱིས་སློབ་དཔོན་ཆེན་མོའི་ཁྱིམ་མིར་མཛའ་བརྩེ་ཟབ་མོས་གླེང་མོལ་བྱས་ཤིང་སྔར་ལས་ལྷག་པར་གཟུགས་འདས་རྒྱུད་འཛིན་པའི་ཕྲག་ཏུ་བབས་པའི་བྱ་བའི་འགན་འཁྲི་དང་སྤྱི་ཚོགས་བདེན་འཛིན་དོན་འཁྱོལ། མེས་པོའི་ཤུལ་བཞག་ལག་ཤེས་ནུས་རྩལ་རྒྱུན་འཛིན།རྣམ་དཔྱོད་བློ་མིག་གསར་འབྱེད་ཀྱིས་རིག་གནས་སྒྱུ་རྩལ་ཡུལ་བསྐོར་མཉམ་འདྲེས་འཕེལ་རྒྱས་ཆེན་མོའི་རིག་ལམ་གསར་པར་འཚོལ་ཞིབ་བྱས་ཏེ། ཕ་ཡུལ་འཛུགས་སྐྲུན་དང་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་བྱེད་པར་མཛད་རྗེས་བླ་མེད་བསྐྲུན་པར་སྐུལ་ལྕག་བཏང་།

                             དམ་བཅའ་སེམས་སུ་བརྐོས་ནས་འགན་འཁྲི་ལྷུར་ལེན་བྱེད།

ཉེ་ལམ། རྨ་ལྷོ་ཁུལ་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་བཅུ་བདུན་པས་འདེམས་ཐོན་བྱུང་པའི་རྒྱལ་ཁབ་ལས་སྒྲུབ་མི་སྣས་རྩ་ཁྲིམས་ཀྱི་སྔོན་དུ་སྒམ་ནན་གྱིས་དམ་བཅའ་བཞག

                       ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས་རང་མིང་མ་བཀོད་པར་འདེམས་ཤོག་འཕེན་བཞིན་པ།

རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་འམ་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་གིས་གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་སྒྲུབ་མི་སྣར་བསྐོ་བཞག་ཡི་གེ་སྟེར་བཞིན་པ།

གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་སྒྲུབ་མི་སྣས་བསྐོ་བཞག་ཡི་གེ་ལེན་བཞིན་པ།

གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་སྒྲུབ་མི་སྣས་རྩ་ཁྲིམས་ཀྱི་སྔོན་དུ་སྒམ་ནན་གྱིས་དམ་བཅའ་འཇོག་བཞིན་པ།

རྨ་ལྷོ་ཁུལ་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།  དྲུང་ཡིག་ཆེན་མོ། གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་སྒྲུབ་མི་སྣས་མཉམ་པར་བསྐྱོན་པ།