ཐུན་ཏེ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས་ཕན་འབྲས་མངོན་གསལ་ཐོབ།
2019.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 50

ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་འགྲེམ་སྤེལ་བྱས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་ཏེ་རྫོང་གིས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་དེ་དེང་སྐབས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ལས་འགན་དང་པོར་བཞག་སྟེ་ནུས་ལྡན་བྱེད་ཐབས་སྤྱད་ནས་སྲོལ་ཡིག་གི་དགོངས་དོན་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་པ་དང་བྱ་བའི་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་པར་སྐུལ་འདེད་བཏང་།

ཐུན་ཏེ་རྫོང་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་། སྲོལ་ཡིག་ལས་བཏོན་པའི་རེ་བ་དེ་རྩ་འཛུགས་བྱ་བར་སྐུལ་འདེད་བཏང་ནས་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་སྟོན་དུ་བཟུང་སྟེ། ཤུགས་ཆེན་པོས་ཚོགས་གསུམ་ཁྲིད་གཅིག་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་ཚད་ལྡན་ཅན་དང་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། དོ་དམ་ནུས་པ་ཞན་པའི་གཞི་རིམ་ཏང་རྩ་འཛུགས་ཁྲོད་ཀྱི་གནས་པའི་འབུར་ཐོན་གནད་དོན་ལ་ཞིབ་བཤེར་དང་དུས་ཐོག་ཏུ་དག་ཐེར་དང་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པ་དང་། བྱ་བའི་དངོས་ལ་བརྟེན་ནས་ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་གྲུབ་འབྲས་ལ་དཔྱད་ཞིབ་བྱས་ནས་གཞི་རིམ་གྱི་རྩ་འཛུགས་ནུས་པ་ཇེ་ཆེར་བཏང་།