ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ན་གཞོན་ལས་བྱེད་པ་གསོ་སྐྱོང་འདེམས་སྒུག་བྱ་བའི་ཁྲོད། འཐབ་ཕྱོགས་དང་པོའི་ལས་བྱེད་པ་དབྱེ་འབྱེད་དང་། འཐབ་ཕྱོགས་དང་པོའི་ལས་བྱེད་པ་སྦྱོང་བརྡར། འཐབ་ཕྱོགས་དང་པོའི་ལས་བྱེད་པ་གསོ་སྐྱོང་བྱེད་པ་གཙིགས་འཛིན་བྱེད་པ་དང་། འགལ་ཟླའི་གནད་དོན་ཡོངས་སུ་ཕྱིར་མངོན་པར་བྱས་ནས། ཆེས་དཀའ་ཁག་ཆེ་བའི་གནས་དེ་ལས་བྱེད་པ་ཤེས་རྟོགས་དང་ཕུལ་བྱུང་ལས་བྱེད་པ་གསོ་སྐྱོང་བྱེད་སའི་གནས་ཡུལ་གཙོ་བོར་གྱུར །
ལས་བྱེད་པའི་ལག་ལེན་སྦྱོང་བརྡར་དང་རྒྱུན་ལྡན་སློབ་གསོའི་གསོ་སྦྱོང་བྱེད་ཚད་ཤུགས་དྲག་ཏུ་བཏང་། ཡུལ་ཤུལ་གསར་བའི་དོ་དམ་དང་འཕེལ་རྒྱས་ཀྱི་བླང་བྱར་ཁ་གཏད་ནས། སྐོར་ཁག་བགོས་ཏེ་ཕྱོགས་སོ་སོར་མི་སྣ་མངགས་གཏོང་བྱས་པ་དང་། ཐུན་མོང་འཛིན་གྲྭ་བསྡུས་ནས་སློབ་སྦྱོང་བྱས་པ་དང་། བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད། པེ་ཅིང་སློབ་གླིང་དང་གསོ་སྦྱོང་ལྟེ་གནས་སུ་དུས་ཡུན་ཐུང་བའི་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་སྤེལ། འཇོན་མིའི་རིག་སྟོབས་ཀྱིས་ཡུལ་ཤུལ་གྱི་བྱ་བར་རོགས་སྐྱོར་བྱེད་པ་དམིགས་སུ་བཟུང་ནས། འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་གནང་ནས་སློབ་ཁྲིད་བྱས་པ་དང་། ལས་གཉེར་བརྗེ་རེས་དང་ལག་རྩལ་མཛུབ་སྟོན་སོགས་རིགས་སྟོབས་རོགས་སྐྱོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ།
རྒྱུན་མ་ཆད་པར་གཞི་རིམ་གྱི་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་ལས་བྱེད་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་། ཕན་ནུས་ལྡན་པའི་རྐྱེན་སྲོལ་བཙུགས་ནས་ལས་བྱེད་པའི་བདེ་ཐང་སློབ་གསོར་ཤུགས་སྣོན་བྱས་པ་དང་། ལས་བྱེད་པའི་བརྗེ་རེས་ལ་ཤུགས་སྣོན་དང་ནོར་འཁྲུལ་དུས་ལྟར་ཡོ་བསྲང་བྱེད་པའི་གོ་སྐབས་སྐྲུན་པ་དང་། སྡེ་བའི་ལས་བྱེད་པའི་གནས་བབ་མཐོར་འདེགས་གཏོང་བ་སོགས་ཕྱོགས་ནས་བྱེད་ཐབས་ལེགས་པོ་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་ལས་བྱེད་པའི་བྱ་བའི་ཧུར་བརྩོན་རང་བཞིན་ལ་སྒུལ་ཤུགས་བསྐྲུན།
གཞི་རིམ་ནས་ཕུལ་བྱུང་ལས་བྱེད་པ་འདེམས་བསྐོའི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། འདོན་སྤྲོད་བྱས་མི་ཚར་བའི་གཞི་རིམ་འཇོན་མི་གསོ་སྐྱོང་བྱས། ཏང་སྲིད་ཚན་ཁག་གི་རྒྱང་རིང་བའི་འཛུགས་སྐྲུན་དགོས་མཁོར་དམིགས་ནས། རྗེས་གྲབས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་དངོས་འབེབས་བྱས།