ཟླ་བཞི་བའི་ཚེས་བཅུ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་རིན་རྫོང་དུ་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ། ཐེངས་འདིའི་འགུལ་སྐྱོད་ཁྲོད་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་ཁོངས་གཏོགས་མངའ་ཁུལ་གྱི་མང་ཚོགས། སློབ་གྲྭའི་དགེ་སློབ་སོགས་བསྡོམས་པས་མི་སྟོང་ལྔ་ལྷག་ཞུགས་ཡོད་པ་དང་། བསྡོམས་པས་སྡོང་ཕྲུག་ཁྲི་ལྔ་བཙུགས་ལ། ལྗང་སྒྱུར་རྒྱ་ཁྱོན་སྤྱི་ཆིངས་བཞི་བཅུ་ལྷག་ལ་སླེབས།
ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་གཞིར་བཟུང་ནས། རྩ་འཛུགས་ཞིབ་མོ་དང་ཤུགས་ཆེན་པོས་གསོ་སྐྱོང་བྱས་ཏེ་རྒྱལ་ཡོངས་ལྗང་སྒྱུར་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། ལོ་གཉིས་ཀྱི་རིང་། རྨ་ལྷོ་ཁུལ་གྱིས་བསྡོམས་པས་སྤྱི་ཆིངས་ཁྲི་གསུམ་དང་སྟོང་དྲུག་གི་རྒྱལ་ཁོངས་ལྗང་སྒྱུར་བྱེད་པ་དང་། སྡོང་བོ་ས་ཡ་གཉིས་ལྷག་འཛུགས་པའི་འོས་འགན་ཡོངས་འགྲུབ་བྱས་ལ། རྒྱལ་ཁོངས་ལྗང་སྒྱུར་གྱི་སྤྱིའི་བསྡུར་ཚད་དང་མང་ཚོགས་ཀྱི་སྡོང་འཛུགས་འདུ་ཤེས། ལྗང་སྒྱུར་དོ་དམ་སྲུང་སྐྱོབ་སོགས་མངོན་གསལ་གྱིས་མཐོར་འདེགས་བྱུང་།