མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྦགས་བཙོག་བཅོས་སྐྱོང་བྱ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གྱུར།
2019.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉེ་བའི་ལོ་འདི་འགར།  མཚོ་ནུབ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འཕེལ་རྒྱས་མགྱོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་ཆགས།  སྔ་གཞུག་ཏུ་ས་ཁུལ་རང་བཞིན་གྱི་བཅའ་ཁྲིམས་སྒྲིག་སྲོལ་དང་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ཞིག་བཏོན་ནས།  ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་།  ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་རྒྱུན་མ་ཆད་པར་སྐུལ་སྤེལ་བྱས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཏེ།  གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བཏང་།   ཆུ་དང་རླུང་ཁམས་ཆེན་མོ།  ས་རྒྱུའི་སྦགས་བཙོག་སྔོན་འགོག་གི་ལོ་ཧྲིལ་བོའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ནས།  ས་ཁུལ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ལས་འགན་གཏན་ཁེལ་བྱས་པ་དང་།  ཕྱོགས་ཡོངས་ནས་རླུང་ཁམས་ཆེན་མོ་དང་ཆུ།  ས་རྒྱུ་བཅས་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བྱས་པས།  ཁུལ་ཡོངས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱ་བའི་ཆུ་ཚད་ཆེས་མཐོ་སར་སླེབས་ཡོད།