མཚོ་སྔོན་ཞིང་ཆེན་གྱིས་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་བརྒྱད་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་ཇེ་ལེགས་སུ་ཕྱིན།
2019.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་བར་གསུམ་ཚང་མས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ནས། ཤུགས་ཆེན་པོས་འབག་བཙོག་འགོག་བཅོས་ཀྱི་བྱེད་ཐབས་ཆེན་མོ་བརྒྱད་ལ་བརྟེན་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་། གཞི་འཛིན་གྲངས་ཀ་ལས་གསལ་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ཇེ་ལེགས་སུ་སོང་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་གསུམ་ལ་སླེབས་ཡོད་ཅིང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ཇེ་ལེགས་སུ་སོང་ཚད་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་གཅིག་ལ་སླེབས། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཁྲོད་ཚུད་པའི་ཆུ་ལག་བཅུ་དགུའི་སྤུས་ཚད་ཇེ་ལེགས་སུ་སོང་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་བདུན་ལ་སླེབས། ཙོང་ཆུའི་ཆུ་ངོས་ཀྱི་གཙང་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།