མཚོ་ནུབ་ཁུལ་གྱིས་ངལ་རྩོལ་པ་ཕྱི་རྒྱལ་དུ་གཏོང་བར་བརྟེན་ནས་ལས་ཞུགས་ལམ་བུ་གསར་བ་བཏོད།
2019.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ངལ་རྩོལ་པ་ཕྱི་རྒྱལ་དུ་གཏོང་བ་དང་ཚོང་དོན་དབུལ་སྐྱོར་དྲིལ་སྒྲོག་ངོ་སྤྲོད་ཚོགས་འདུ་གཏེར་ལེན་ཁ་ནས་བསྡུས་ཏེ། མཚོ་ནུབ་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་ལས་ཞུགས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་བུ་གསར་བ་འདོན་སྤྲོད་བྱས།

མཚོ་ནུབ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཏོན་པའི་སྒོ་འབྱེད་ཀྱི་ཚྭ་འདམ་གཞོང་གི་གནས་ཐིག་གཏན་ཁེལ་གསར་བ་ལྟར། ཕྱི་ཕྱོགས་སྒོ་འབྱེད་མགྱོགས་མྱུར་སྒོས་སྤེལ་བ་དང་ཕྱིར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། མཚོ་ནུབ་ཁུལ་གྱི་ངལ་རྩོལ་པ་ཕྱི་རྒྱལ་དུ་ལས་ཀ་བྱེད་དུ་མངགས་པར་སྐུལ་འདེད་བྱས་ནས། མཚོ་ནུབ་ཁུལ་གྱི་མཁར་གྲོང་གི་ངལ་རྩོལ་པ་ལྷག་མར་ལས་ཞུགས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་བུ་འདོན་སྤྲོད་བྱས་པ་དང་། རྩལ་ནུས་རང་བཞིན་གྱི་ངལ་རྩོལ་པ་ཕྱིར་གཏོང་རྒྱུ་དེ་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་ལམ་བུ་གལ་ཆེན་དུ་འགྱུར་བར་བྱས།

ངོ་སྤྲོད་ཚོགས་འདུའི་ཡུལ་དངོས་སུ། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་དུ་ངལ་རྩོལ་པ་མངགས་པའི་ཆ་རྐྱེན་ཡོད་པའི་ཀུང་ཟི་གསུམ་གྱིས་སོ་སོར་ངལ་རྩོལ་པ་ཕྱིར་གཏོང་བའི་རྒྱལ་ཁབ་དང་ལས་རྐང་། ཆ་རྐྱེན་དང་ཟླ་ཕོགས། འགྲོ་ལུགས་བསྒྲུབ་པ། འབྲེལ་ཡོད་སྲིད་ཇུས་སོགས་ཐད་ནས་འགྲེལ་ཀློག་དང་དྲིལ་སྒྲོག་བྱས་པ་དང་། ཕྱི་རྒྱལ་དུ་ལས་ཀ་བསྒྲུབ་པར་འགྲོ་བའི་ཁེ་ལས་ཀྱི་མི་སྣ་དང་མཚོ་སྔོན་ཚྭ་འདམ་གཞོང་ལས་རིགས་སློབ་གླིང་གི་སློབ་མ་སོགས་བསྡོམས་པས་མི་སྟོང་ལྷག་ངོ་སྤྲོད་ཚོགས་འདུར་ཞུགས།