མཚོ་ལྷོ་ཁུལ་གྱིས་དངོས་སྒྲུབ་ནན་ཏན་གྱིས་ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས།
2019.04.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 40

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་དང་།  ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།   དོ་དམ་ནན་ཏན་དང་མཉམ་འབྲེལ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ།  སྐུལ་སློང་དང་བཀག་རྒྱ་མཉམ་བགྲོད་བྱས་པ་དང་།  གནད་དོན་གཅིག་བསྡུས་དང་གནད་འགག་དམ་འཛིན།  རང་འགུལ་གྱིས་འགན་ལེན་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས།  བློ་དཀར་སྤྱོད་གཙང་དང་འགན་ཁུར་ཕོད་ཞིང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གྲུབ་པར་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་པ་རེད།

ཆབ་སྲིད་ལྟ་སྐུལ་དམིགས་སུ་བཟུང་ནས།  བློ་དཀར་གཞུང་དྲང་ཀྱི་སྒྲིག་ལུགས་འདུ་ཤེས་བརྟན་པོར་བཏང་།  སློབ་པ་གཉིས་དང་སྒྲུབ་པ་གཅིག་དང་འབྲེལ་ནས་སློབ་གསོའི་རྒྱུན་ལྡན་རང་བཞིན་གྱི་ལམ་ལུགས་ལ་སློབ་སྦྱོང་བྱས་པ་དང་།  ནན་ཏན་སྒོས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་སྤེལ།  ཁྲིམས་སྲོལ་གཉིས་ཀྱི་ནང་དོན་གཙོ་བོ་གཞིར་བཟུང་ནས་གཞི་རྒྱ་ཆེ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ།   ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་།  ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཇེ་དམ་དུ་གཏོང་བ།   ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་སོགས་དངོས་འབེབས་ལག་བསྟར་བྱེད་པ་སྟེ་ལས་བྱེད་པའི་ཆབ་སྲིད་རྣམ་འགྱུར་ལ་ཞིབ་བཤེར་བྱེད་པ་གལ་ཆེའི་ནང་དོན་དུ་བཞག་ཡོད།  འགོ་ཁྲིད་པའི་སྡེ་དང་འགོ་ཁྲིད་ལས་བྱེད་པའི་རྟོག་ཞིབ་དང་དཔྱད་ཞིབ་ནང་རྐྱེན་གྲུབ་པར་བྱས་ཏེ་ལས་བྱེད་པའི་རྟོག་ཞིབ་རུ་དཔུང་བཙུགས།  དོན་དངོས་སུ་རིམ་པ་སོ་སོའི་ལས་བྱེད་པའི་འདུ་ཤེས་བཞི་ཤུགས་དྲག་དང་ཡིད་རྟོན་བཞི་ཇེ་བརྟན་དུ་བཏང་བ་དང་།  སྲུང་སྐྱོང་བྱེད་དགོས་པ་གཉིས་འགྱུར་མེད་ལེགས་པོར་སྒྲུབ་པ་རེད།

འདེམས་སྒུག་ལམ་ལུགས་ཤུགས་དྲག་ཏུ་བཏང་ནས། སྤྱོད་གཙང་དྲང་བདེན་གྱི་མི་བཀོལ་ཁོར་ཡུག་ལེགས་བསྐྲུན་བྱས།  ཉིན་རྒྱུན་ལྟ་སྐུལ་བྱེད་ཤུགས་དམ་འཛིན་དོན་འཁྱོལ་བྱས་ཏེ།   དབང་ཆ་དོ་དམ་དང་དཔོན་རིགས་བཅོས་སྐྱོང་བྱེད་པའི་ལམ་ལུགས་དམ་ཚིགས་སུ་བཏང་བ་དང་།  ཆེད་དམིགས་བཅོས་སྐྱོང་དམིགས་སུ་བཟུང་ནས།  ཚད་ལྡན་ལུགས་མཐུན་དང་ནན་ཏན་དངོས་སྒྲུབ་ཀྱི་བྱ་བའི་རྨང་གཞི་བསྐྲུན་པ་རེད།