དཔའ་ལུང་རྫོང་དུ་ན་ནིང་དབུལ་ཕོངས་མི་གྲངས་དགུ་སྟོང་དྲུག་བརྒྱ་གོ་བདུན་དབུལ་ཐར་བྱས།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉིས་སྟོང་བཅོ་བརྒྱད་ལོར།  དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་དཀའ་ཁག་ཁྱད་སེལ་དང་རང་འགུལ་འགན་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་དབུལ་ཕོངས་སྡེ་བ་ང་གཅིག་དབུལ་ཐར་བྱེད་པ་ལེགས་གྲུབ་བྱུང་བ་དང་།  ཁྱིམ་ཚང་ཉིས་སྟོང་སུམ་བརྒྱ་ཞེ་དགུ་ཡི་དབུལ་ཕོངས་མི་གྲངས་དགུ་སྟོང་དྲུག་བརྒྱ་གོ་བདུན་དབུལ་ཐར་བྱས་པས།  དབུལ་ཐར་མཁྲེགས་གཏོར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

ཉིས་སྟོང་བཅུ་དགུ་ལོར།  དཔའ་ལུང་རྫོང་གིས་དབུལ་ཕོངས་སྡེ་བ་ཉེར་བཞི་དབུལ་ཐར་བྱེད་རྒྱུའི་འཆར་གཞི་ཡོད་ལ།  ཁྱིམ་ཚང་ཆིག་སྟོང་དགུ་བརྒྱ་རེ་བརྒྱད་ཀྱི་ཡིག་ཚགས་བྱང་བུའི་དབུལ་ཕོངས་མི་གྲངས་བདུན་སྟོང་བཞི་བརྒྱ་ཉེར་བརྒྱད་དབུལ་ཐར་བྱེད་རྒྱུ་ཡིན་པ་དང་།  རྫོང་ཡོངས་ཀྱི་གཅིག་གྱུར་དབུལ་ཞྭ་ཕུད་པ་མངོན་འགྱུར་བྱེད་རྒྱུ་རེད།