རྨ་ལྷོ་ཁུལ་གྱི་སྲོག་ཤིང་གཅིག་བཅོས་སྐྱོང་གསུམ་གྱིས་སྡེ་བ་རིམ་པའི་བཅོས་སྐྱོང་སྐས་རིམ་གསར་བར་བསྐྱལ།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་གྱི་གནས་ཚུལ་དངོས་དང་བསྟུན་ནས།  སྲོག་ཤིང་གཅིག་དང་བཅོས་སྐྱོང་གསུམ་གྱི་སྡེ་བ་རིམ་པའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལག་བསྟར་སྐོར་གྱི་བསམ་ཚུལ་ཞེས་པ་གཏན་འབེབས་བྱས་ཏེ་དཔར་ནས་བཀྲམ་པ་དང་།  གཞི་རིམ་ཏང་རྩ་འཛུགས་སྲོག་ཤིང་དུ་བཟུང་ནས།  རང་སྐྱོང་དང་ཁྲིམས་སྐྱོང།  ལུགས་སྐྱོང་བཅས་ལག་བསྟར་བྱེད་པ་ནང་དོན་ཡིན་པའི་སྲོག་ཤིང་གཅིག་དང་བཅོས་སྐྱོང་གསུམ་གྱི་སྡེ་བའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱས་པ་དང་།  ཧུར་ཐག་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱས།

ཞང་སྡེའི་བཅོས་སྐྱོང་མ་ལག་བདེ་ཐང་འཛུགས་སྐྲུན་བྱེད་པ་ནི།  ཞང་སྡེའི་དར་རྒྱས་འཐབ་ཇུས་མངོན་འགྱུར་བྱེད་པའི་བླང་བྱ་གལ་ཆེན་ཡིན་ལ།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་སྐུལ་འདེད་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཡིན།   ལག་བསྟར་བསམ་ཚུལ་དེས་སྲོག་ཤིང་དམ་འཛིན་བྱེད་པ་ཤུགས་དྲག་ཏུ་བཏང་བ་དང་།  ཏང་ཀྲི་པུའུ་ཡིས་སྡེ་དམངས་རང་སྐྱོང་བྱེད་པ་དང་།  སྡེ་བའི་ལས་གཉེར་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་དང་མང་ཚོགས་རྩ་འཛུགས་དང་།  ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བྱས།  སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  སྡེ་བའི་ཏང་ཀྲི་པུའུ་ཡི་ཞིབ་འཇུག་ཐག་གཅོད་ལྟར་གལ་ཆེའི་ལས་དོན་ལམ་ལུགས་དང་།  སྡེ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་དུས་བཅད་ལྟར་སྡེ་བའི་ཏང་ཀྲི་པུའུ་ལ་བྱ་བའི་ལམ་ལུགས་སྙན་ཞུ་འབུལ་བ་དང་།  ཏང་ཡོན་གྱི་གྲོས་བསྡུར་ལམ་ལུགས་སོགས་གཏན་འབེབས་བྱས་པས།  གཞི་རིམ་འཐབ་ཇུས་ཀྱི་བཅོས་སྐྱོང་རྣམ་པར་རེ་བའི་འབྲས་བུ་སྨིན་བཞིན་ཡོད།