དུས་ཚིགས་དང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ནས་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་ཆིག་ཁྲི་ཉིས་སྟོང་དྲུག་བརྒྱར་སླེབས་པ་རེད།
2019.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

དུས་ཚིགས་དང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ནས་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་ཆིག་ཁྲི་ཉིས་སྟོང་དྲུག་བརྒྱར་སླེབས་པ་རེད།

གསར་འགོད་པས་ཞིང་ཆེན་མི་དོན་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  དུས་ཚིགས་དང་པོར།  ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཀྱི་སྤྱིའི་གནས་བབ་གཏན་འཇགས་ངང་འཕེལ་བའི་རྣམ་པ་མངོན་ཡོད་ལ།  ལས་ཞུགས་བྱ་བའི་རྣམ་པ་ལེགས་པོ་ཞིག་མངོན་འགྱུར་བྱེད་བཞིན་ཡོད།  གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་བསྣན་པའི་ལས་ཞུགས་མི་གྲངས་ཆིག་ཁྲི་ཉིས་སྟོང་དྲུག་བརྒྱར་སླེབས་པ་དང་།  ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པའི་བརྒྱ་ཆའི་ཉེར་གཅིག་ཟིན་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་ཡིན་ལ་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱས་ཡོད།   ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སུ་བསྒྱུར་བ་མངོན་འགྱུར་བྱུང་བའི་མི་གྲངས་འབུམ་གསུམ་དང་ཁྲི་ལྔར་སླེབས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་ཚད་ཀྱི་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་བརྒྱད་ཟིན་པ་རེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་བསྣན་པའི་ལས་ཞུགས་མི་སྣའི་ལས་ཞུགས་ཐོན་ལས་ལ་དབྱེ་ཞིབ་བྱས་པ་ལས།  ཐོན་ལས་གསུམ་པའི་ལས་ཞུགས་མི་གྲངས་དགུ་སྟོང་བདུན་བརྒྱར་སླེབས་པ་དང་བརྒྱ་ཆའི་དོན་དྲུག་དང་གྲངས་ཆུང་བརྒྱད་ཟིན་པ་དང་།   ཐོན་ལས་གཉིས་པའི་མི་གྲངས་ཉིས་སྟོང་དྲུག་བརྒྱར་སླེབས་པ་དང་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དྲུག་ཟིན་པས།  ཐོན་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་དེ་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཐབས་ལམ་གཙོ་བོར་གྱུར།