གཅན་ཚ་རྫོང་གིས་ཉིས་སྟོང་བཅུ་དགུ་ལོའི་རྒྱང་ཁོངས་ལྗང་འགྱུར་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས།
2019.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྗོང་གིས་རྒྱལ་ཁོངས་ལྗང་འགྱུར་གྱི་སྐུལ་སློང་ཚོགས་ཆེན་སྟེང་དུ་། ཞིང་ཆེན་ཡོངས་དང་རྨ་ལྷོ་ཁུལ་གྱི་རྒྱལ་ཁོངས་ལྗང་འགྱུར་གྲོས་ཚོགས་ཀྱི་སྙིང་སྟོབས་བརྒྱུད་སྒྲོག་སློབ་སྦྱོང་བྱེད་པ་དང་མཉམ་དུ།  ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཁོངས་ལྗང་འགྱུར་བྱ་བའི་གྲུབ་འབྲས་དང་།  ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁོངས་ལྗང་འགྱུར་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ད་ལོ།  གཅན་ཚ་རྫོང་གིས་སྤྱི་ཆིང་ཁྲི་ཡི་རྒྱལ་ཁོངས་ལྗང་འགྱུར་འོས་འགན་ལེགས་འགྲུབ་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་།  རྫོང་དང་ཞང་།  སྡེ་བའི་གཞུང་ལམ་ལམ་ཐིག་གཙོར་འཛིན་པ་དང་།  གཙང་འགྲམ་དང་ཁང་བའི་མདུན་རྒྱབ།  སྡེ་བའི་མཐའ་འཁོར། བེད་སྤྱོད་བྱས་མེད་པའི་ས་གནས་བཅས་ལྗང་འགྱུར་དམིགས་འབེན་བྱས་ནས།   ལྗང་མདོག་ཞང་གྲོང་མང་པོ་འཆར་གཞི་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་།  མུ་མཐུད་དུ་ཞང་སྡེའི་ལྗང་འགྱུར་གྱི་ཚད་ཐིག་དང་ཆུ་ཚད་མཐོར་འདེགས་བཏང་ནས།  ཞང་སྡེའི་དར་རྒྱས་འགྲོ་བར་ལྗང་མདོག་འཛུགས་སྐྲུན་གྱིས་འདེགས་སྐྱོར་བྱེད་རྒྱུ་རེད།