ཞིང་ཆེན་ཡོངས་ཀྱི་སྐབས་སོ་གཅིག་པའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བྱ་འགུལ་མགོ་ལོག་ནས་སྤེལ།
2019.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན།  མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་དང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་།  མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པའི།   སྡོད་དམངས་ཁོར་ཡུག་མཉམ་སྐྲུན་དང་།  སྤྱོད་ཁང་གསར་བརྗེ་མཉམ་སྤེལ།  འཕྲོད་བསྟེན་བདེ་ཐང་མཉམ་སྐུལ་བྱེད་པ་བརྗོད་གཞི་ཡིན་པའི་ཞིང་ཆེན་ཡོངས་ཀྱི་སྐབས་སོ་གཅིག་པའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་དྲིལ་སྒྲོག་བྱ་འགུལ་མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་ནས་འགོ་བརྩམས།

བྱ་འགུལ་ཡུལ་དངོས་སུ་སྤྱོད་ཁང་གསར་བརྗེའི་དྲིལ་སྒྲོག་བརྙན་གཟུགས་དང་རྒྱལ་གཅེས་འཕྲོད་བསྟེན་གྱི་སྤྱི་ཕན་བརྡ་ཁྱབ་།  བོད་རྒྱ་སྐད་གཉིས་ཀྱི་གྲོས་འདོན་ཡི་གེ་སྒྲོག་འདོན་དང་།  ཐུན་མོང་མིང་རྟགས་འགོད་པ།  རྒྱལ་གཅེས་འཕྲོད་བསྟེན་ཤེས་བྱའི་དྲི་འདོན་བྱ་དགའ་སྟེར་བ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་།   ལས་ཁུངས་སོ་སོས་ལས་རིགས་གྱི་ཁྱད་ཆོས་དང་བྱ་བའི་འགན་འཁྲི་ཟུང་འབྲེལ་བྱས་པ་དང་།  ནད་ཡོད་སྐྱེ་དངོས་སྔོན་འགོག་དང་འཕྲོད་བསྟེན་སྤྱོད་ཁང་གི་ཉིན་རྒྱུན་དོ་དམ་བདག་གཉེར་བྱ་བ།  དུས་ཚིགས་རང་བཞིན་གྱི་འགོས་ནད་སྔོན་འགོག   གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་དག་གཙང་འགུལ་སྐྱོད་དང་གད་སྙིགས་རིགས་བགར་བ་སོགས་ཀྱི་བྱ་བར་དམ་དུ་དམིགས་ནས།  དྲིལ་སྒྲོག་འགྲེམས་པང་བཟོས་པ་དང་།  འོས་འགན་སྨན་བཅོས་དང་འདྲི་རྩད་སོགས་ཀྱི་རྣམ་པ་བརྒྱུད་དེ།  རྒྱལ་གཅེས་འཕྲོད་བསྟེན་ཤེས་བྱ་རྒྱ་ཁྱབ་དུ་སྤེལ་བ་དང་།  བདེ་ཐང་དཔལ་ཡོན་འཚོ་བར་སྣེ་ཁྲིད་བྱས།