ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གི་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས།
2019.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གི་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས།

ཟླ་བཞི་བའི་ཚེས་བཅུ་དགུ་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་སྤེལ་བའི་ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་བའི་མཛད་སྒོ་དང་ཆེད་དོན་སྙན་ཞུ་ཚོགས་འདུའི་སྟེང་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱིས་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་ནས་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་བར་རྩ་འཛུགས་བྱས་ཏེ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱས་ཏེ་རྩེར་སོན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བསྐྲུན་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གི་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ།

ཤེས་བྱའི་ཐོན་དབང་གི་བཅའ་ཁྲིམས་སྒྲིག་སྲོལ་དང་གཞི་རྩའི་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་བ་བརྒྱུད།  ཤེས་ཡོན་ལ་བརྩི་འཇོག་དང་ལས་གཏོད་ལ་རྒྱབ་སྐྱོར།  ཡིད་རྟོན་ཁྲིམས་སྲུང་བྱེད་པ་དཀྱིལ་སྙིང་དུ་འཛིན་པའི་ཤེས་བྱའི་ཐོན་དབང་ཀྱི་རིག་གནས་རྒྱུད་སྒྲོག་བྱེད་པ་དང་།  གསར་གཏོད་རིག་གནས་ལ་ཤུགས་ཆེན་པོས་འདེགས་སྐྱོར་བྱེད་པ།  ཤེས་བྱའི་ཐོན་དབང་ཀྱི་དྲིལ་སྒྲོག་རྒྱ་ཁྱབ་དུ་སྤེལ་བར་ཤུགས་སྣན་ནས།  སྔར་ལས་ལྷག་པར་སྤྱི་ཚོགས་ཡོངས་ཀྱི་ཤེས་བྱའི་ཐོན་དབང་གི་འདུ་ཤེས་མཐོར་འདེགས་གཏོང་རྒྱུ།