གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་གཞིའི་བྱ་འགུལ་སྤེལ།
2019.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 73

ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་ཆེད་དང་།  རྒྱལ་ཁབ་ཀྱི་དམངས་ཡོངས་དཔེ་ཀློག་དར་སྤེལ་བཏང་ནས་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་དང་ལེན་བྱས་ཏེ།  ན་གཞོན་པར་སྐུལ་སློང་དང་ལྷག་པར་དུ་གསར་དར་ཁྱབ་ཁོངས་ཀྱི་ན་གཞོན་པར་དཔེ་ཀློག་གོམས་སྲོལ་ཡག་པོ་ཞིག་ཆགས་པར་སྐུལ་མ་བཏང་སྟེ།  དཔེ་ཆ་མང་པོ་ཀློག་པ་དང་དཔེ་ཆ་བཟང་པོ་ཀློག་པ།  དཔེ་ཆ་ལེགས་པོར་ཉན་པ་དང་དཔེ་ཆ་བཟང་པོ་འབྲི་བར་སྐུལ་འདེད་བཏང་།

ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན།  གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།  མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས་ཟི་ལིང་དུ་དུས་རབས་གསར་བར་དཔེ་ཀློག་བཟང་པོ་བྱེད་ཅེས་པའི་འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་གཞིའི་བྱ་འགུལ་སྤེལ།  མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན།  ཟི་ལིང་སེམས་ཁམས་བདེ་ཐང་སློབ་གསོའི་ཞིབ་འཇུག་ཁང་སོགས་ཀྱི་ན་གཞོན་པ་ལྔ་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

ལང་ཚོའི་ཟིལ་ཤུགས་ཀྱི་གླུ་སྒྲ་དང་འགྲོགས་ནས་བྱ་འགུལ་འགོ་བརྩམས་བྱུང་།  ན་གཞོན་འཐུས་ཚབ་པས་རང་རང་གི་དཔེ་ཀློག་སེམས་ཚོར་བྲིས་པ་དང་།  མཚན་སྙན་ཐོབ་པའི་དཔེ་ཆའི་མིང་བྱང་ཀྲུང་གོའི་ས་ཁྲའི་སྟེང་སྦྱར་ནས་དཔེ་ཀློག་གི་དུས་ཚོད་མཉམ་སྤྱོད་བྱས།  ལས་རིགས་སོ་སོའི་ན་གཞོན་འཐུས་ཚབ་པས་རང་གི་ལས་རིགས་ཀྱི་སྙིང་སྟོབས་མཚོན་བྱེད་དང་།  དཔེ་ཀློག་གིས་བསྐྲུན་པའི་བདེ་སྐྱིད་འཚོ་བ་བརྗོད་གཞི་བྱས་པ་དང་།  ལྔ་བཞིའི་ན་གཞོན་གསར་བའི་གཟི་ཉམས་ལ་བསྟོད་གླུ་བླངས་ནས་ལྔ་བཞིའི་ན་གཞོན་སྙིང་སྟོབས་དར་སྤེལ་བཏང་།  མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་དང་ལྟད་མོ་བས་བརྩེ་སེམས་མཉམ་སྒུལ་བྱས་པ་དང་།  ཡུལ་དངོས་སུ་སྙན་ངག་གྱེར་འདོན་དང་དཔེ་ཀློག་མྱོང་ཚོར་མཉམ་སྤྱོད།  མཚར་ལོངས་འབད་འཐབ་ཀྱི་གཏམ་རྒྱུད་གླེང་།