ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནི་འཛམ་གླིང་སའི་གོ་ལའི་ཉིན་མོ་ལྔ་བཅུ་བ་ཡིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིན་ཉིན་ཐང་ཆེན་དུ་མཛེས་པའི་སའི་གོ་ལར་གཅེས་སྤྲས་བྱས་ཏེ་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་དྲན་གསོའི་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ།
ཁུལ་དང་གྲོང་ཁྱེར། རྫོང་བཅས་སོ་སོས་དུས་མཉམ་དུ་ཞང་སྡེ་དང་གཞི་ཁུལ། སློབ་གྲྭ་བཅས་སུ་སྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པ་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་འདུ་ཤེས་ཆགས་པར་བྱས་ཤིང་། རང་བྱུང་ཐོན་ཁུངས་ཀྱི་བྱ་བ་སྒྲུབ་མཁན་རྣམས་ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་སྟོང་ལོའི་ཇུས་ཆེན་ཡིན་པའི་རླབས་ཆེན་ལག་ལེན་ཁྲོད་དུ་ཞུགས་པར་སྐུལ་སློང་བྱས་པ་དང་། ན་གཞོན་ལོ་ཆུང་གིས་རང་བྱུང་ཁམས་ལ་རྒྱུས་ལོན་བྱེད་པ་དང་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་འདུ་ཤེས་ཆགས་པར་སྐུལ་ལྕག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་འཛམ་གླིང་སའི་གོ་ལའི་ཉིན་མོ་ལྔ་བཅུ་བའི་དྲིལ་སྒྲོག་བྱ་འགུལ་གཟའ་འཁོར་དེ་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་འགོ་བརྩམས་པ་དང་ཚེས་ཉེར་བརྒྱད་མཇུག་རྫོགས་བཞིན་ཡོད།