ཟླ་གཉིས་པ་ནས་བཟུང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་ལས་བསྐྲུན་ལ་ཀྲུང་དབྱང་གི་སྔོན་རྩིས་ལྟར་མ་དངུལ་སྒོར་བྱེ་བ་བདུན་དང་འབུམ་དགུ་བཏང་། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་རང་ཞིང་གི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་གཏོང་བའི་ཆེད་དོན་ལས་བསྐྲུན་ཉིས་སྟོང་བཅུ་དགུ་ལོའི་སྐོར་གཉིས་པའི་ཀྲུང་དབྱང་སྔོན་རྩིས་ལྟར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་འབུམ་བཞི་ཡིས་རོགས་སྐྱོར་བྱེད་རྒྱའི་བཀའ་རྒྱ་བསྒྲགས །
རྒྱུས་ལོན་པའི་གནས་ཚུལ་ལྟར་ན། མ་དངུལ་གཙོ་བོར་ཚད་གཞི་དམའ་ཞིང་། གཞི་རྒྱ་ཆུང་བའི་ཆུ་འདོན་ལས་གཞི་ལེགས་བཅོས་བྱེད་པ་དང་། ཆ་ཚང་ལས་སྐྲུན། རིམ་འཕར་བྱེད་པ། དྲ་འབྲེལ་སོགས་ཀྱི་ཐད་བཀོལ་རྒྱུ་ཡིན་པ་དང་། འོས་འཚམ་གྱི་ཆུ་འདོན་ལས་གཞི་གསར་འཛུགས་བྱེད་པ་དང་། ཆུ་ཁུངས་སྲུང་སྐྱོབ་དང་ཆུའི་སྤུས་ཚད་ཁག་ཐེག་བྱེད་པ་སོགས་ཀྱི་བྱ་བ་སྤེལ། ཡིག་ཚགས་བྱང་བུའི་དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་འཐུང་ཆུའི་བདེ་འཇགས་གནད་དོན་དམིགས་སུ་བཟུང་ནས་ཐག་གཅོད་ལེགས་པོ་བྱེད་རྒྱུ་རེད།
ད་ལྟ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་འབྲེལ་ཡོད་ས་ཁུལ་གྱི་ལས་བགོས་འཛུགས་སྐྲུན་ལས་འགན་མཐུན་སྦྱོར་ལེགས་པོ་བྱེད་བཞིན་ཡོད་ལ། མ་དངུལ་གཏོང་ཚད་དངོས་འབེབས་བྱས་ཡོད་པ་མ་ཟད། ལས་གཞིར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བྱས་པ་དང་རྣམ་གྲངས་ལས་དོན་ལེགས་པོར་སྒྲུབ་ནས། ལས་གཞི་སྔ་མོ་ནས་ལེགས་འགྲུབ་བྱས་ཏེ་ཕན་འབྲས་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་བཞིན་ཡོད།