ཐུན་ཏེ་རྫོང་གིས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་ཞུ་གཏུག་ཁ་པར་ཁྱབ་བསྒྲགས་བྱས།
2019.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

གསར་འགོད་པས་ཐུན་ཏེ་རྫོང་སྨན་བཅོས་འགན་སྲུང་ཅུས་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  གཙོ་གཉེར་སྡེ་ཁག་གིས་མི་དམངས་མང་ཚོགས་ལ་ཞུ་གཏུག་བྱེད་ཐབས་ཁྱབ་བསྒྲགས་བྱས།  ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་བའི་སྨན་ཁང་དང་སྨན་རྫས་ཁང་དམིགས་འཛིན་ཞུ་གཏུག་བྱས་ནས།  སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་།  འགན་བཅོལ་ལ་ཞུགས་པའི་མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་ལ་དོ་དམ་ལེགས་པོ་བྱས་ཏེ།  སྨན་བཅོས་འགན་བཅོལ་ཐེབས་རྩའི་ལུགས་མཐུན་མིན་པ་ཇེ་ཉུང་དང་གཏན་འགོག་བྱས་ནས།  འགན་བཅོལ་ལ་ཞུགས་པའི་མང་ཚོགས་ཀྱི་ཁེ་ཕན་ལ་གཏོར་བརླག་མི་ཐེབས་པར་བྱས།

རྒྱུས་ལོན་པ་ལྟར་ན།  ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ།  དྲིལ་སྒྲོག་རྫུན་མ་སྤེལ་བ་དང་ལུས་ཕུང་བརྟག་དཔྱད་ཀྱི་མིང་གཡར་ནས།  འགན་བཅོལ་མི་སྣ་སྨན་ཁང་དུ་སྡོད་པའི་བྱ་སྤྱོད་སྤེལ་བ་དང་།  འགལ་བཅོལ་མི་སྣའི་སྤྱི་ཚོགས་འགན་སྲུང་བྱང་བུ་གཡོ་ལེན་བྱེད་པ།  སྨན་བཅོས་ཞབས་ཞུ་དང་སྨན་བཅོས་ཡིག་ཆ་དང་འཛིན་ཤོག་རྫུན་བཟོ་བྱེད་པ།  སྨན་རྫས་མང་པོ་འབྲི་བ་དང་།  སྨན་བཅོས་རྣམ་གྲངས།  སྨན་བཀོལ་རྒྱུ་ཆ།  སྨན་བཅོས་ཞབས་ཞུའི་སྒྲིག་གཞི་སོགས་ཀྱི་སྨན་རིན་རྫུན་འབྲི་བྱེད་པ་སོགས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་བྱ་སྤྱོད་དང་།  སྨན་བཅོས་འགན་སྲུང་བྱང་བུའི་འཛིན་བྱང་དང་དོན་དངོས་ཉོ་སྒྲུབ་བྱས་པའི་སྨན་རྫས་གཅིག་མཐུན་མིན་པའི་གནས་ཚུལ་སོགས་འདུ་བ་རེད།

ཐུན་ཏེ་རྫོང་གི་སྨན་བཅོས་འགན་སྲུང་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བསྟན་དོན།  ཞུ་གཏུག་གྱི་གསང་བའི་རྐྱེན་སྲོལ་ནན་མོ་བྱས་ནས་ཞུ་གཏུག་མཁན་གྱི་འབྲེལ་ཡོད་གནས་ཚུལ་ཕྱིར་མི་བསྒྲགས་པ་དང་།  ཞུ་གཏུག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་དོན་དངོས་འགན་སྲུང་བྱེད་རྒྱུ་རེད།  ཞུ་གཏུག་བྱས་པའི་ཁུངས་སྣེ་གལ་ཆེན་རྩད་ཆོད་གསལ་བོ་བྱས་ནས་ར་སྤྲོད་བྱུང་རྗེས།  བྱ་དགའ་ངེས་ཅན་སྟེར་རྒྱུ་ཡིན་པ་དང་།  ཁྲིམས་འགལ་གྱི་སྨན་བཅོས་ལས་ཁུངས་དང་སྨན་རྫས་ཁང་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད།

ཞུ་གཏུག་ཁ་པར།  0974  8591993   13997444578

18 197776677        18697152993