མགོ་ལོག་ཁུལ་གྱིས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་ཐོག་མ་རྨ་སྟོད་རྫོང་ནས་འཛུགས་སྐྲུན་བྱས།
2019.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཉིས་སྟོང་བཅུ་གཅིག་ནས་བཟུང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྲིད་གྲོས་ཀྱིས་ནན་ཏན་སྒོས་ཞིབ་འཇུག་བཀོད་སྒྲིག་དང་།  ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས།  རིག་གནས་ལོ་རྒྱུས་ཀྱི་སྡུད་རུབ་དང་།  ལེགས་སྒྲིག  ཉར་ཚགས།    ཞིབ་འཇུག   རྩོམ་སྒྲིག་པར་འདེབས་སོགས་ཀྱི་བྱ་བ་དམ་འཛིན་བྱས།   ད་ལོའི་ལོ་མགོར།  རྨ་སྟོད་རྫོང་གིས་མགོ་ལོག་ཁུལ་དང་རྫོང་དྲུག་ལས་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་སྔོན་ལ་ལེགས་གྲུབ་བྱས།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  རྨ་སྟོད་རྫོང་གི་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གིས་སྔ་གཞུག་ཏུ་སྒོར་འབུམ་གཅིག་ལྷག་བསྡུ་རུབ་བྱས་པ་དང་།  མིག་སྔར་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གིས་སྡོམ་པས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་རིགས་ཉེར་བརྒྱད་དང་དེབ་ཆིག་སྟོང་ཉིས་བརྒྱ་ལྷག་འཚོལ་སྡུད་བྱས་ཡོད།  ཡིག་ཚགས་རྒྱུ་ཆ་ཆིག་སྟོང་ལྔ་བརྒྱ་ཉར་ཚགས་བྱས་ཡོད།

རྨ་སྟོད་རྫོང་གིས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་བཙུགས་པ་དེས།  རྨ་སྟོད་རྫོང་སྲིད་གྲོས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དངོས་སུ་འགྲེམ་སྟོན་བྱས་པ་མཚོན་ལ།   སྔར་ལས་ལྷག་པར་མི་དམངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ལས་དོན་གྱི་ལོ་རྒྱུས་ཉར་འཇོག་དང་།  སྲིད་སྐྱོང་རྒྱུ་ནོར།  མཐུན་སྒྲིལ།  མི་སྣ་གསོ་སྐྱོང་སོགས་ཀྱི་བཀོལ་སྤྱོད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་།  གཞི་རིམ་སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་གནས་ཚུལ་འགྲེམ་སྟོན་བྱས།  རིག་གནས་ལོ་རྒྱུས་དཔྱད་གཞིའི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རིག་གནས་ལོ་རྒྱུས་དཔྱད་གཞི་ཕྱི་ཕྱོགས་སུ་འགྲེམ་སྤེལ་དང་བརྗེ་རེས་ཀྱི་སྒོ་ལམ་ཡངས་པོར་ཕྱེས་ནས་སྟེགས་བུ་བསྐྲུན་པས་དོན་སྙིང་གལ་ཆེན་ལྡན་པ་རེད།

                                                                                              ལོ་ཙྰ བ།རིག་འཛིན་སྒྲོལ་མ།