མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་བདག་དབང་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།
2019.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན།  ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡིས་ཤེས་བྱའི་བདག་དབང་སློབ་རར་བསྐྱོད་པའི་བྱ་འགུལ་མཚོ་སྔོན་དགེ་འོས་སློབ་ཆེན་ནས་སྤེལ།  དགེ་སློབ་ཉིས་བརྒྱ་ལྷག་བྱ་འགུལ་ལ་ཞུགས་པ་དང་། དྲིལ་སྒྲོག་དེབ་ཉིས་བརྒྱ་ལྷག་བཀྲམ།

བྱ་འགུལ་གྱིས་ཆེད་བསྒྲིགས་སྙན་ཞུ་ཚོགས་འདུ་དང་དྲིག་སྒྲོག་དེབ་བཀྲམ་པའི་བྱེད་ཐབས་སྤྱད་ནས།  མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་ཤེས་བྱའི་བདག་དབང་འདུ་ཤེས་མཐོར་འདེགས་དང་།  མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གསར་གཏོད་སྙིང་སྟོབས་གསོ་སྐྱོང་བྱེད་པ་དང་།  ནན་ནན་ཏིག་ཏིག་སྒོས་ཤེས་བྱའི་བདག་དབང་གི་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བ།  ཤེས་ཡོན་གསར་གཏོད་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་བསྐྲུན་ནས།  སློབ་མའི་གསར་གཏོད་ཀྱི་ཧུར་ཐག་རང་བཞིན་ལ་སྐུལ་སློང་བྱས་ཏེ།  རྒྱལ་ཁབ་ལ་སྔར་ལས་ལྷག་པའི་གསར་དར་འཇོན་མི་མང་པོ་ཞིག་སྐྱེད་སྲིང་བྱེད་པ་དང་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་གསར་དུ་གཏོད་ནས།  གསར་དར་འཇོན་མིར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས།

བྱ་འགུལ་ལ་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་ཏོན་ཅིན་ཕིན་གདན་ཞུ་གནང་ནས་དགེ་སློབ་རྣམས་ལ་ཤེས་བྱའི་བདག་དབང་གི་ཆེད་བསྒྲིགས་སྙན་ཞུ་བྱས།  ཁོས་ཤེས་བྱའི་བདག་དབང་གི་གཞི་རྩའི་ཤེས་བྱ་དང་།  ཤེས་བྱའི་བདག་དབང་གི་སྲུང་སྐྱོབ་ལམ་ལུགས་དང་ཆེད་ཁེའི་འཐབ་ཇུས་སོགས་ཕྱོགས་ནས་ཡུལ་དངོས་སུ་ཡོད་པའི་དགེ་སློབ་རྣམས་ལ་ཤེས་བྱའི་བདག་དབང་གི་མཚན་ཉིད་དང་སྤྱི་ཚོགས་དཔལ་འབྱོར་འཚོ་བའི་ཁྲོད་ཀྱི་བཀོལ་སྤྱོད་ནུས་པ་སོགས་སྒྲོག་བཤད་བྱས།  མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་ཤེས་བྱའི་བདག་དབང་གི་སྲུང་སྐྱོབ་འདུ་ཤེས་ལ་ཤུགས་སྣོན་བྱེད་པ་དང་།  ལས་རིགས་གསར་གཏོད་ཀྱི་སློབ་གསོའི་སྐྱེ་ཁམས་ཀྱི་རྣམ་པ་བཟང་པོར་བསྐྲུན་ནས་གསར་གཏོད་འཇོན་མི་མང་པོ་ཞིག་སྐྱེད་སྲིང་བྱེད་པ་གཙོ་གནད་དུ་བཟུང་ཡོད།

                                                                                               ལོ་ཙྰ བ།རིག་འཛིན་སྒྲོལ་མ།