འབུམ་རམས་ཕྱི་ཚུལ་གྱི་མཐོ་རིམ་འཇོན་མིའི་ནུས་པ་འདོན་སྤེལ་བྱེད་ཆེད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་ནུས་པར་སྐུལ་འདེད་དང་། ས་གནས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་མཐོར་འདེགས་གཏོང་བར་རོགས་འདེགས་བྱས།
ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། འབུམ་རམས་ཕྱི་ཚུལ་གྱི་ཚན་རྩལ་ཞབས་ཞུའི་གཞི་རིམ་བྱ་འགུལ་གྱི་མཛད་སྒོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ནས་སྤེལ། ཆིན་ཧྭ་སློབ་ཆེན་དང་ཧྭ་ནན་རང་བྱུང་ཚན་རིག་བཟོ་བསྐྲུན་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་གྱི་འབུམ་རམས་ཕྱི་ཚུལ་བཅུ་གཉིས་དང་། མི་དོན་སྤྱི་ཚོགས་པུའུ་དང་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་དང་ཁུལ་གྲོང་ཁྱེར་བཅས་ཀྱི་ཁེ་ལས་ལས་རིགས་ལས་ཁུངས་བཅུ་དྲུག་བཅས་མཛད་སྒོར་ཞུགས།
ཐེངས་འདིའི་འབུམ་རམས་ཕྱི་ཚུལ་གྱི་ཚན་རྩལ་ཞབས་ཞུའི་གཞི་རིམ་བྱ་འགུལ་ནི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་རྣམ་གྲངས་གལ་ཆེན་དང་། གཙོ་གནད་འཇོན་མིའི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་། ཁེ་ལས་ལས་རིགས་ལས་ཁུངས་ཀྱིས་ཚན་རྩལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་རོགས་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན། འབུམ་རམས་ཕྱི་ཚུལ་གྱི་ཚན་རྩལ་ཞབས་ཞུ་ཚོགས་པའི་མི་སྣ་དང་འབྲེལ་མཐུད་ལས་ཁུངས་ཀྱིས་གཅིག་གཏད་གཅིག་གི་རྣམ་པ་གཞིར་བཟུང་ནས། ཡུལ་དངོས་སུ་རྣམ་གྲངས་སྦྲེལ་མཐུད་དང་བྱེ་བྲག་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་བྱས།