2019ལོའི་རྨ་ལྷོ་ཁུལ་གཅན་ཚ་རྫོང་གིས་གཡང་མདའ་རྟགས་མའི་མི་རིགས་མཐུན་སྒྲིལ་གྱི་དྲག་རྩལ་འགྲན་ཚོགས་སྐབས་གཉིས་པ་བསྡུས།
2019.04.26 ཁུངས། ཀློག་གྲངས། 1055

སྤྱི་ཟླ4བའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་།   མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་།  གཅན་ཚ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་གཅན་ཚའི་གཡང་མདའ་རྟགས་མའི་མི་རིགས་མཐུན་སྒྲིལ་གྱི་དྲག་རྩལ་འགྲན་ཚོགས་ཆེན་མོ་སྐབས་གཉིས་པ་དེ་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོ་ནས་བསྡུས།

གཡང་མདའ་རྟགས་མའི་དྲག་རྩལ་འགྲན་སྡུར་ནི་གཅན་ཚ་རྫོང་དུ་འཚོག་བཞིན་པའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གྱི་རྗེས་སུ་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ།“ གཡང་མདའ་རྟགས་མའི”རིག་གནས་ཀྱི་མཚོན་རྟགས་དེ་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་སྤེལ་ཤུགས་ཆེར་བྱེད་པ་དང་། གཅན་ཚ་རྫོང་གི་ལུས་རྩལ་ལས་དོན་འཕེལ་རྒྱས་ཐད་ཀྱི་འཚོལ་ཞིབ་དང་ཐབས་ལམ་གསར་བ་ཞིག་ཡིན་པ་རེད། ཐེངས་འདིའི་འགྲན་སྡུར་དེ“ཀྲུང་ཧྭའི་དྲག་རྩལ་དར་སྤེལ་དང་མི་རིགས་རིག་གནས་རྒྱུད་འཛིན། རབ་མཛེས་མཚོ་སྔོན་དུ་བསྐྱོད་ནས་ཡིད་འོང་གི་གཅན་ཚ་མངོན་པ”དམིགས་ཡུལ་དུ་བཟུང་བ་དང་། “སྤྲོ་སེམས་དང་གྲོན་ཆུང་། བདེ་འཇགས། འཆམ་མཐུན”བཅས་རྩ་དོན་དུ་བཟུང་ནས་སྤེལ་བ་ཡིན་ཞིང་། ཐེངས་འདིའི་འགྲན་སྡུར་སྟེང་ལ་ཞིང་ཆེན་ཕྱི་ནང་དང་ཟི་ཁྲོན་མགོན་པོ་དྲག་རྩལ་ཁང་། གཅན་ཚའི་གངས་རྒྱན་དྲག་རྩལ་ཁང་བཅས་ནས་དྲག་རྩལ་པ20འགྲན་སྡུར་དུ་ཞུགས་ནས་དྲག་རྩལ་འགྲན་སྡུར་གྱི་སྒྲིག་སྲོལ་ལྟར་འགྲན་སྡུར་བྱས། འགྲན་བསྡུར་གྱི་རྣམ་གྲངས་ལ་སྤྱི་རྒྱ53ཅན་དང་སྤྱི་རྒྱ58ཅན། སྤྱི་རྒྱ61ཅན། སྤྱི་རྒྱ65ཅན། སྤྱི་རྒྱ68ཅན་བཅས་ཀྱི་རིམ་པ་ལྔ་གཏན་ཁེལ་བྱས་ནས་འགྲན་སྡུར་བྱས་པ་ཡིན།

གོང་རིམ་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་འོག་ཏུ། ཐེངས་འདིའི་འགྲན་སྡུར་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེར་སྤེལ་ཏེ། ཀྲུང་ཧྭའི་དྲག་རྩལ་དང་མི་རིགས་རིག་གནས་བཅས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པར་བྱས། གཡང་མདའ་རྟགས་མའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སོགས་མི་རིགས་རིག་གནས་ཀྱི་མཚོན་རྟགས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ནུས་ཤུགས་མི་དམན་པ་ཐོན་ཡོད་པར་མ་ཟད་ས་གནས་ཐོན་ཁུངས་ལེགས་པར་སྤྱད་དེ། ནུས་ཤུགས་གང་ཡོད་ཀྱིས་རིག་གནས་ཡུལ་སྐོར་དང་ལུས་རྩལ་ལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་མཐོ་རླབས་གསར་བ་ཞིག་འཕྱུར་དུ་འཇུག་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། གཅན་ཚ་རྫོང་གཙོ་བྱས་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་ལྟད་མོ་བ་མང་པོས་འགྲན་བསྡུར་ལ་བལྟས་ཤིང་། དྲག་རྩལ་པ་དག་གི་རྩལ་དྲུག་རྫོགས་པའི་དཔའ་རྩལ་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་སྟེ། དགའ་མགུའི་ཐལ་མོ་རྡེབ་སྒྲ་དང་ཀི་འབོད་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་འགྲན་རའི་མཁའ་དབུགས་མཐོ་རླབས་སུ་འཕྱུར་བར་བྱས། ཐེངས་འདིའི་དྲག་རྩལ་འགྲན་སྡུར་ནི་གཅན་ཚ་རྫོང་གི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རྗེས་ཀྱི་ལུས་རྩལ་བྱ་འགུལ་གལ་ཆེན་ཞིག་ཡིན་པ་མ་ཟད། གཡང་མདའི་རིག་གནས་ཟོང་རྟགས་སྔར་ལས་རྒྱ་བསྐྱེད་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་གི་འཕེལ་རྒྱས་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་གཅན་ཚའི་རིག་གནས་གནས་སྐོར་གྱི་ཤན་ཤུགས་མཐོར་འདེགས་སུ་གཏོང་བ་དང་། གཅན་ཚའི་མཚན་སྙན་རྒྱ་བསྐྱེད་པ། ལུས་རྩལ་ཐོན་ལས་དང་རིག་གནས་གནས་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་ཐད་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཐོན་བཞིན་ཡོད།

 མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་མཁས་པས་མཛད་སྒོ་མགོ་རྩོམ་པར་ཁྱབ་སྒྲོག་བྱེད་པ།

རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ་ཡིས་མཛད་སྒོར་མདོ་འཛིན་བྱེད་བཞིན་པ།

གཅན་ཚ་རྫོང་གི་རྫོང་དཔོན་བསྟན་འཛིན་གྱིས་ཤིས་ཚིག་འབུལ་བཞིན་པ།

ཐེངས་འདིའི་བྱ་འགུལ་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

དྲག་རྩལ་འགྲན་སྡུར་ལ་མདོ་འཛིན་བྱེད་བཞིན་པ།

དཔའ་ཉམས་ཀྱིས་ཕྱུག་པའི་དྲག་རྩལ་པ།

གདན་ཞུའི་གླུ་མ་དབང་སྒྲོན་མཚོ།

གདན་ཞུའི་གླུ་བ་རྡོ་རྗེ་བཀྲ་ཤིས།

གདན་ཞུའི་གླུ་བ་རྟ་མགྲིན་ཚེ་རིང་།

དྲག་རྩལ་པས་རྩལ་ནུས་ངོམས་བཞིན་པ།

ཛ་དྲག་ཁྲོད་ཀྱི་འགྲན་སྡུར།

འགྲན་ཐེངས་གཅིག་ཚར་རྗེས་ཀྱི་ངལ་གསོ་བའི་རྣམ་པ།

གསལ་ཁ་འབྱེད་དཀའ་བའི་རྒྱལ་ཕམ།

མདོ་འཛིན་པས་འགྲན་སྡུར་གྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

འགྲན་སྡུར་བྱེད་སའི་ཡུལ་དངོས།

འགྲན་སྡུར་ལས་རྣམ་པར་རྒྱལ་བའི་འགྲན་ཞུགས་པར་བྱ་དགའ་སྟེར་བཞིན་པ།

ཡུལ་དངོས་སྨན་པ།

ཐེངས་འདིའི་འགྲན་སྡུར་གྱི་བདེ་སྲུང་མི་སྣ།

ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བའི་ཚོགས།

གཡང་མདའ་རྟགས་མའི་མི་རིགས་མཐུན་སྒྲིལ་གྱི་དྲག་རྩལ་འགྲན་ཚོགས་སྐབས་གཉིས་པ་བདེ་བླག་ངང་མཇུག་བསྡུས།


གསར་འགོད་པ།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན་རྡོ་རྗེ།