གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བའི་ལོའི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་ཆེད་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགན་འཁྲིར་སྐུལ་སློང་བྱེད་ཆེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་མ་ལག་ཇུས་འགོད་དང་། གནད་ཁེལ་ཤུགས་འདོན་བྱས་ཏེ། འགན་ཁུར་ཇེ་ཡང་དུ་གཏོང་བ་རྒྱུན་འཁྱོངས་དང་བྱ་འགུལ་སྤེལ་བ་དང་ཕན་འབྲས་མཐོར་འདེགས་གཏོང་བ། གསར་གཏོད་བཅས་ཟུང་འབྲེལ་བྱས་ཏེ་གཞི་རིམ་ལས་བྱེད་པའི་འགན་ཁུར་ཇེ་ཡང་དུ་གཏོང་བའི་བྱ་བ་མིག་མཐོང་ལག་ཟིན་གྱིས་སྒྲུབ་བཞིན་ཡོད།
བྱ་བའི་ཁྲོད་དུ། ཡུལ་ཤུལ་གྲོང་ཁྱེར་གྱིས་གཞི་རིམ་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ཚོགས་འདུའི་རྩིས་ཐོ་དང་ལས་རིམ་གསལ་འབྱེད་བྱས་པ་བརྒྱུད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཟབ་ནན་དང་ཚད་ལྡན་དུ་སྤེལ་བ་ཁག་ཐེག་བྱས་པའི་རྨང་གཞིའི་སྟེང་། ཏང་ཀྲི་པུའུ་ཡིས་བྱ་བའི་ཇུས་གཞི་དང་རྩིས་ཐོའི་རེའུ་མིག སྤྱི་སྡོམ་སྙན་ཞུ་སོགས་ཀྱི་དཔྱད་གཞི་འདོན་་པར་རེ་ཞུ་མེད་པ། ཀྲི་པུའུ་ཨུ་ཡོན་ལས་གཞན་སྤྱིར་བཏང་ཏང་ཡོན་གྱིས་མི་སྒེར་ཞིབ་བསྡུར་རྟོག་ཞིབ་ཀྱི་དཔྱད་གཞིར་རེ་ཞུ་མེད་པ་བཅས་བྱས་ཏེ། བྱ་བའི་འགན་ཁུར་ཇེ་ཡང་དུ་གཏོང་ཚད་དོན་འཁྱོལ་ཡོང་བ་བྱས།
འགན་ཁུར་ཇེ་ཡང་དུ་གཏོང་བ་ནི་ཚད་ཐིག་ཇེ་དམའ་དང་སྤུས་ཚད་ཇེ་ཞན་དུ་གཏོང་བ་མིན་ལ། ཕན་ནུས་མཐོར་འདེགས་བཏང་ནས་སྒྲུབ་སྟངས་བསྒྱུར་བའི་གཞི་རྩ་ཡིན། རྗེས་ཤུལ་རིང་ལུགས་ཁོ་ན་མི་སྒྲུབ་པར། དོན་ངོ་མས་གཞི་རིམ་ལས་བྱེད་པའི་འགན་ཁུར་གློད་འགྲོལ་བྱས་པ་ཡིན།