མཚོ་སྔོན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།
2019.04.29 ཁུངས། ཀློག་གྲངས། 72

སྤྱི་ཟླ4པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡི་སྟེང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་ལོན་པ། ལྔ་བཞི་ལས་འགུལ་ལོ་ངོ100ལོན་པར་རྟེན་འབྲེལ་ཞུ་བ་དང་། མཚོ་སྔོན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཧའེ་ཡོའེ་གསོལ་མགྲོན་ཁང་དུ་བསྡུས་ཤིང་། ཚོགས་ཐོག་ཏུ་འབྲེལ་ཡོད་མགོ་ཁྲིད་དང་གསར་འགྱུར་སྨྱན་བྱད་སོགས་མི་སྣ་ལྔ་བཅུ་ལྷག་ཞུགས། 


གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡོན་ཅི་ཀོང་གིས་ཚོགས་འདུར་མགོ་འཛིན་མཛད་ཅིང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། མཚོ་སྔོན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རྩ་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་གཞོན་པ་རཱན་ཆིན་དང་། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རིན། མཚོ་སྔོན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རྩ་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རིན་ཧོང་ཞའོ་ཧོས། ཀྲུང་གུང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲིན་ཆི་ཡོས་གསུམ་ཚོགས་འདུར་ཞུགས་ནས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དོན་སྙིང་དང་། ནང་དོན། འགྲོ་རིམ་སོགས་ཀྱི་ཐད་ནས་གླེང་ཞིང་། ཁོང་གསུམ་གྱིས་གསར་འགོད་པའི་དྲི་བ་དག་ལ་དུས་ཐོག་ཏུ་ལན་བཏབ། 


གསར་འགོད་པས་ཚོགས་ཐོག་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དེ་ཟླ5པའི་ཚེས15ཉིན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དུ་གཟབ་རྒྱས་ངང་མགོ་བརྩམ་རྒྱུ་དང་། འཚོགས་ཡུན་ནི་ཟླ5བ་ནས་ཟླ10བའི་བར་ཟླ་ལྔའི་རིང་ལ་སྤེལ་རྒྱུ་རེད།