མཚོ་ནུབ་ཁུལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་ལྔ་བཞིའི་སྙིང་སྟོབས་སྒྲོག་འགྲེལ་གྱི་འཆད་ཁྲིད་སྤེལ།
2019.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

གུང་གཞོན་ཚོགས་པ་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཧྲིན་ཞའོ་ཁོན་གྱིས་བཤད་རྒྱུར།  རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ལྔ་བཞིའི་སྙིང་སྟོབས་ཀྱི་ཚན་རིག་ནང་དོན་དང་དུས་རབས་རིན་ཐང་ལ་ངོས་འཛིན་ཡང་དག་བྱེད་པ་དང་།  ལྔ་བཞིའི་སྙིང་སྟོབས་ལས་རང་སྐྱོན་བརྟག་པ་དང་། རང་སྟོབས་རང་སྤེལ་བྱས་ནས།  རང་ཉིད་དུས་རབས་གསར་བའི་མི་རུ་འགྱུར་བར་འབད་བརྩོན་བྱེད་པ་དང་།  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ལང་ཚོའི་ཕུགས་འདུན་གྱི་གླུ་སྒྲ་སིང་སིང་གྲགས་དགོས་ཟེར།

ལྔ་བཞིའི་ལས་འགུལ་བསླངས་ནས་ལོ་འཁོར་བརྒྱ་འགོར་བར་དྲན་གསོ་ཞུ་བ་དང་།  ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་སྔོགས་འདོན་བྱེད་པ་ནི་དུས་རབས་གསར་བའི་ནང་དོན་གསར་བ་ཞིག་ཡིན་པས།  རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་སྣེ་ཁྲིད་བྱེད་པར་སྐུལ་སློང་བྱེད་པ་དང་།  རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་རྒྱ་ཆེར་དར་སྤེལ་གཏོང་ཆེད།  གུང་གཞོན་ཚོགས་པ་ཁུལ་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་ལྔ་བཞིའི་སྙིང་སྟོབས་སྒྲོག་འགྲེལ་གྱི་འཆད་ཁྲིད་བྱ་འགུལ་སྤེལ།

འཆད་ཁྲིད་ཁྲོད།  མཚོ་ནུབ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ལའོ་ཡུང་ཧོང་གིས་ལྔ་བཞིའི་སྙིང་སྟོབས་དར་སྤེལ་དང་།  དུས་རབས་ཀྱི་སྔོན་བསྐྱོད་པ་བརྩོན་ལེན་བྱེད་པར་དམ་དུ་དམིགས་ནས།  ལྔ་བཞིའི་ལས་འགུལ་བསླངས་བའི་ལོ་རྒྱུས་རྒྱབ་ལྗོངས་དང་བརྒྱུད་རིམ་ཞིབ་མོར་བཤད་པ་དང་།  ལྔ་བཞིའི་སྙིང་སྟོབས་ཀྱི་འཕེལ་འགྱུར་གོ་རིམ་གསལ་བོར་བསྟན།   རྒྱལ་གཅེས།  ཡར་ཐོན།  དམངས་གཙོ།  ཚན་རིག་བཅས་ཀྱི་ནང་དོན་ཞིབ་མོར་བརྗོད་ནས།  རྒྱ་ཆེའི་གུང་གཞོན་ཚོགས་པའི་ན་གཞོན་རྣམས་ཀྱི་འཇོན་འགྱུར་རེ་སྨོན་དང་།  རྒྱལ་ཁའི་བརྩོན་སེམས་ལ་སྐུལ་མ་བཏང་བ་དང་།   མི་སྒེར་གྱི་ཕུགས་འདུན་གྱིས་ཀྲུང་གོའི་ཕུགས་འདུན་མཚོན་ཐུབ་བྱས་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ནས།  ན་གཞོན་གྱི་རེ་སྙེག་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པ་སོགས་གསལ་བོར་བསྟན་པ་རེད།