ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ལྗང་འགྱུར་རྣམ་གྲངས་ལ་ནོར་སྲིད་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གཅིག་གིས་རོགས་སྐྱོར་བྱེད་རྒྱུ་རེད།
2019.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

གྲོང་ཁྱེར་ལྗང་བསྒྱུར་གྱི་གྲུབ་འབྲས་མཐོར་འདེགས་སྲ་བརྟན་གཏོང་ཆེད།  ཉེ་ལམ།  ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གཅིག་བཏང་ནས་ཟི་ལིང་གི་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་རྣམ་གྲངས་ལ་རོགས་བྱེད་རྒྱུ་གཏན་ཁེལ་བྱས།

ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར།  ཐེངས་འདིའི་མ་དངུལ་བཀོལ་སྤྱོད་བྱེད་ཡུལ་གཙོ་བོ་ནི་ཆུ་རྐ་དང་སྦུག་དྲ་གསར་བསྐྲུན་དང་།  ཆུ་འཐེན་འཕྲུལ་འཁོར་དང་ཆུ་གསོག་རྫིང་བུ་བརྗེ་བ་དང་།  ལྗང་བསྒྱུར་ཁུལ་གྱི་ནགས་སྲུང་ཁང་བ་ཞིག་གསོ་དང་ལེགས་བཅོས་གཏོང་བ་དང་།  ནགས་འཛུགས་དང་ནད་འབུའི་གནོད་པ་འགོག་བཅོས།  མེ་འགོག   གསོ་སྐྱོང་དོ་དམ་སོགས་ཀྱི་རྣམ་གྲངས་འདུས་ཡོད།

མ་དངུལ་བཏང་བ་ལས་སོན་མྱུག་གི་གསོན་ཤུགས་མཐོར་འདེགས་གཏོང་བ་དང་།  ལྷོ་རི་དང་བྱང་རིའི་ནགས་ཚལ་གྱི་ཡོངས་ཁེབས་ཚད་ཇེ་མཐོར།   ནགས་ཤིང་ཉར་ཚགས་ཚད་ཁག་ཐེག་བྱེད་པ་དང་།     ཕན་འབྲས་མཐོ་ཞིང་བརྟན་འཇགས་ཡིན་པའི་ནགས་ཁུལ་ཞིག་གྲུབ་པར་ནུས་པ་ཧུར་ཐག་འདོན་སྤྲོད་བྱས་པ་དང་།  ལྷོ་རི་དང་བྱང་རིའི་ལྗང་འགྱུར་སྤུས་ཚད་དང་རིམ་པ་ཇེ་མཐོར་བཏང་།  མཐོ་སྒང་གནའ་མཁར་གྱི་སྤུས་ཀ་དང་སྣང་བརྙན་ལེགས་བསྐྲུན་བྱས་པ་དང་།  ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་བཅོས་དང་འདེགས་སྐྱོར་འགན་སྲུང་ནུས་པ་འདོན་སྤེལ་བྱེད་ཤུགས་མཐོ་རུ་བཏང་བ་རེད།