མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཏང་ཕྱིའི་འཐུས་ཚབ་མི་སྣའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།
2019.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཕྱིའི་འཐུས་ཚབ་མི་སྣའི་རྒྱལ་གཅེས་དང་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་བཞི་ནས་ཡོང་བའི་ཏང་ཕྱིའི་འཐུས་ཚབ་མི་སྣ་ཞེ་དྲུག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་དེ་དུས་རིམ་གཉིས་སུ་བགོས་ཡོད་དེ། དུས་རིམ་དང་པོར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཕྱིའི་ཤེས་ཡོན་པའི་གསོ་སྦྱོང་བཀོད་སྒྲིག་ལ་ཟུང་འབྲེལ་བྱས་ནས། ཞིང་ཆེན་ནང་ཁུལ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལུགས་ཆེད་དོན་ཟབ་སྦྱོང་རྩ་འཛུགས་བྱས་ཏེ།ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་གདན་ཞུ་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་དང་ཞིབ་སྡུར་བརྗེ་རེས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། སྲིད་ཞུགས་སྲིད་གླེང་གི་ནུས་པ་མཐོར་འདེགས་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཕྱོགས་ནས་སློབ་ཁྲིད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་གསལ་བོ་བྱས་ལ། གསོ་སྦྱོང་ལ་ཞུགས་པའི་སློབ་མས་ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་རྒྱུས་ལོན་དང་ངོས་ཟིན་ཇེ་ཟབ་ཏུ་བཏང་བ་དང་། ཆབ་སྲིད་ཀྱི་རྒྱུས་ལོན་ནུས་པ་མཐོར་འདེགས་དང་སྲིད་ཞུགས་སྲིད་གླེང་གི་འདུ་ཤེས་ཇེ་དྲག མཉམ་ལས་མཉམ་སྒྲུབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས། དུས་རིམ་གཉིས་པར། ཧུའུ་ནན་ཁྲང་ཧྲས་ཧུའུ་ནན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་གྱི་སྟོབས་ཤུགས་དང་ཞིང་ཆེན་ནང་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེ་སློབ་གསོའི་ཐོན་ཁུངས་ལ་རྒྱབ་རྟེན་ནས། གཙོ་བོར་ཆེད་དོན་ཟུར་ཁྲིད་དང་ཡུལ་དངོས་སློབ་ཁྲིད། ཡུལ་དངོས་ལྟ་ཞིབ་བརྒྱུད་དེ། འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དང་གསར་བརྗེའི་སྲོལ་རྒྱུན། རྒྱལ་གཅེས་རིང་ལུགས་སློབ་གསོ་སྤེལ། གསོ་སྦྱོང་སྐབས་སུ། ཧུའུ་ནན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན།

                                                                                                                  ལོ་ཙྰ་བ།རིན་ཆེན་མཚོ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།