མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོ་ཕིན་ཨན་ནས་གཟབ་རྒྱས་ངང་ཚོགས།
2019.05.16 ཁུངས། ཀློག་གྲངས། 71

ཟླ5པའི་ཚེས15ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ70ལོན་པ། ལྔ་བཞི་ལས་འགུལ་ལོ100འགོར་བར་རྗེས་དྲན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དེ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་མཚོ་ཤར་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་མགོ་བརྩམས། 

མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆིས་ཀྲུང་དང་། ཀྲུའུ་རིན་གཞོན་པ་སུའུ་ཉིན། རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་བྱ་སྒྲུབ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཀྲུང་གོ་ན་ཆུང་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལིས་བིན་ཀི་བཅས་ཚོགས་འདུར་ཞུགས་ཤིང་། གར་སྟེགས་སུ་ཕྱིན་ནས་སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་མགོ་རྩོམ་པའི་མཛད་སྒོ་སྤེལ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་ཡཱེ་བན་པིན་གྱིས་མགོ་རྩོམ་ཞུ་ཚིག་ཞུས་ཤིང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་པུའུ་ཀྲང་། གྲོང་ཁྱེར་བཟོ་ཚོགས་ཀྲུའུ་ཞི་རིན་རོས་ཞང་གིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ། མགོ་རྩོམ་མཛད་སྒོའི་སྟེང་ལ་འབྲེལ་ཡོད་ཨུ་ཡོན་གཞུང་སྒྲུབ་ཅུའུ་མཉམ་སྒྲུབ་ལས་ཁུངས་ཀྱི་འཐུས་ཚབ་དང་། ཀྲུང་གོ་ན་ཆུང་གཞོན་ནུ་ཕོ་བྲང་མཐུན་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་དང་སྐུ་མགྲོན། ལྟད་མོ་བ་བཅས་མི500ཉེ་བ་ཞུགས་ནས། མཉམ་དུ་ན་གཞོན་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག་ཅེས་པ་བརྗོད་དོན་ཡིན་པའི་རིག་རྩལ་འཁྲབ་སྟོན་ལ་རོལ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་ཡཱེ་བན་པིན་གྱིས་མགོ་རྩོམ་ཞུ་ཚིག་ཞུ་བ།

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་པུའུ་ཀྲང་། གྲོང་ཁྱེར་བཟོ་ཚོགས་ཀྲུའུ་ཞི་རིན་རོས་ཞང་གིས་དགའ་བསུ་ཞུ་བའི་ཤིས་ཚིག་འབུལ་བ།

མགོ་རྩོམ་མཛད་སྒོའི་སྟེང་ན་ཆུང་གཞོན་ནུ་རྣམས་ཀྱིས་དགའ་བའི་ཉམས། སྙན་པའི་ངག འཁྱུག་པའི་གར་སོགས་ཀྱིས་ལང་ཚོའི་མེ་ཏོག་གི་བཞད་པ་དབྱར་ཟླ་མགོ་མའི་གྲོལ་སྟངས་བཞིན། མཛེས་པར་བཞད་ཅིང་ལྷུག་པོར་གྲོལ་ལ། ལང་ཚོའི་གཟི་བྱིན་རྣམ་པར་སྤྲོས་པས་ཚོགས་ཕེབས་ཀྱི་སྐུ་མགྲོན་རྣམས་དགའ་བ་རབ་ཏུ་བརྟས་ཏེ་མ་འོངས་པའི་བདག་པོ་རྣམས་ལ་རེ་བས་ཁེངས་ནས་བསྟོད་པའི་མཐེ་བོང་བསྒྲེངས།

སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུའི་མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་སྒྲུབ་ཨུ་ལྷན། ཀྲུང་གུང་མཚོ་སྔོན་ཞིང་ཨུ་དྲིལ་སྒྲོག་པུའུ། ཀྲུང་གུང་མཚོ་སྔོན་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ།  མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་ཁྲིད་ཨུ་ལྷན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ན་གཞོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་སློབ་མའི་ལྷན་ཚོགས། ན་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་བྱ་སྒྲུབ་ཨུ་ལྷན་སོགས་འབྲེལ་ཡོད་ལས་ཁུངས་བཅུ་བཞིས་མཉམ་སྦྲེལ་གྱིས་བསྒྲུབས་པ་ཡིན་ལ། ཀྲུང་གུང་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་བླ་མེད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་བྱ་འགུལ་ལྟེ་གནས་དང་། ཀྲུང་གུང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་ཕོ་བྲང་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་ལ། ཟི་ལིང་གྲོང་ཁྱེར་དབྱིན་ཚའེ་སློབ་གྲྭ་དང་། ཟི་ལིང་ཧྭ་ལེན་གསར་བ་ཁང་ས་ཐོན་སྐྱེད་ཚད་ཡོད་ཀུང་ཟི་ཚོང་ལས་དོ་དམ་ཡན་ལག་ཀུང་ཟི་གཉིས་ཀྱིས་མཉམ་སྦྲེལ་རྒྱབ་སྐྱོར་བྱས།

སེམས་པ་ཏང་ལ་ཕྱོགས་ཤིང་། དུས་རབས་གསར་བར་བྱས་རྗེས་འཇོག་ཅེས་པ་སྙིང་པོར་བྱས་པའི་སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི། གུང་གཞོན་ཚོགས་པས་རྩ་འཛུགས་དང་གཅིག་བསྡུས། ཞབས་ཕྱི་བྱས་ཏེ་རྒྱ་ཆེའི་ན་ཆུང་གཞོན་ནུར་སྣེ་ཁྲིད་ཅིང་། ན་ཆུང་གཞོན་ནུར་ཁ་གཏད་ནས་སྤྱི་བའི་རིག་གནས་ཞབས་ཕྱིའི་མ་ལག་གཟུག་པར་ཤུགས་འདོན་པ་དང་། བསམ་བློའི་སློབ་གསོ་དང་། སྐྱེ་ཁམས་རིག་གནས་སློབ་གསོ། རིག་གནས་སྒྱུ་རྩལ་སློབ་གསོ། མི་རིགས་མཐུན་སྒྲིལ་སློབ་གསོ་སོགས་སྤྱི་ཚོགས་རང་བཞིན་གྱི་སློབ་གསོ་རིག་རྩལ་བྱ་འགུལ་དུ་འདྲེས་སུ་བཅུག་སྟེ། སྤྱི་ཚོགས་ཀྱི་ཐོན་ཁུངས་གཅིག་བསྡུས་མཉམ་སྦྲེལ་བྱས་ནས། སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། མཚོ་སྔོན་མི་རིགས་སོ་སོའི་ཁྱད་འཕགས་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་སློབ་ཕྱིའི་རིག་གནས་ལས་དོན་ཕུན་ཚོགས་སུ་གཏོང་བ། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་རིག་གནས་ལས་གནས་ཁྱབ་ཆེར་གཏོང་བ། ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་མཚན་རྟགས་བསྐྲུན་པ། རང་ཞིང་ཆེན་གྱི་རིགས་སོ་སོའི་ན་ཆུང་གཞོན་ནུ་བྱིས་པའི་རིག་གནས་ཡིད་རྟོན་ཆེར་སྤེལ། ན་ཆུང་གཞོན་ནུ་བྱིས་པར་ཀྲུང་གོའི་ཕུགས་འདུན་ཆེད་ཧུར་ཐག་འབད་བརྩོན་བྱེད་པའི་ཕུགས་བསམ་འདུ་ཤེས་གཟུག་པར་གཏིང་ཟབ་ཅིང་རྒྱང་རིང་བའི་དོན་སྙིང་ལྡན།

སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་སྐབས་དང་པོའི་མཚོ་སྔོན་ན་ཆུང་གཞོན་ནུ་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་རྒྱུན་མཐུད་དང་གསར་བཏོད་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་བྱིས་པ་རྣམས་ཀྱིས་ལག་ལེན་དངོས་སྒྲུབ་ཀྱིས་སྐྱེ་ཁམས་གཙོ་བོ་དང་དམིགས་བསལ་གྱིས་ལྗང་མདོག་འཕེལ་རྒྱས་གཏོང་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཤུགས་ཆེན་པོས་སྤེལ་བ། སྤྲོ་བས་བརྟས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ལང་ཚོ་ངོམས་ཤིང་ཕུལ་བའི་རྨང་གཞིའི་སྟེང་། མཚོ་སྔོན་ན་ཆུང་གཞོན་ནུས་དུས་ནམ་འབད་འབུངས་ཀྱི་མི་ཚེའི་ལྟ་ཚུལ་དང་། སྤུས་ལེགས་ཀུན་སྤྱོད། བདེ་ཐང་འཚོ་བའི་སྤྲོ་སྣང་རྒྱུན་འཁྱོངས་བྱས་ནས། རང་ཉིད་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འཇོན་མི་དང་། གདུང་འདེགས་སུ་འགྱུར་བར་ཧུར་ཐག་བྱ་དགོས་པའི་དོན་སྙིང་ལྡན།

སྒྱུ་རྩལ་དུས་ཆེན་མགོ་བརྩམས་རྗེས། སྐབས་གཉིས་པའི་སྒྱུ་རྩལ་དུས་ཆེན་ཟླ5ཡི་རིང་སྤེལ་རྒྱུ་ཡིན་ཞིང་། བྱེ་བྲག་ཏུ་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་ནས་རིམ་པ་བཞིན་དུ་སྤེལ་རྒྱུ་ཡིན། སྐབས་འདིའི་སྒྱུ་རྩལ་དུས་ཆེན་སྟེང་ཞུགས་པའི་མི་སྒེར་དང་ལས་ཁུངས་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་སློབ་གྲྭ་ཆུང་འབྲིང་དང་། ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་སོགས་སུ་ཁྱབ་ཡོད་ལ། སྒྱུ་རྩལ་དུས་ཆེན་དུ་མཚོ་སྔོན་ན་ཆུང་གཞོན་ནུ་དང་དགེ་རྒན་གྱི་ཕུལ་བྱུང་རི་མོ་ཡིག་གཟུགས་འགྲེམ་སྟོན་དང་། མཚོ་སྔོན་ན་ཆུང་གཞོན་ནུའི་ཕུལ་བྱུང་རོལ་དབྱངས་རིགས་ཀྱི་འཁྲབ་སྟོན། མཚོ་སྔོན་ན་ཆུང་གཞོན་ནུའི་ཕུལ་བྱུང་ཞབས་བྲོ་བརྩམས་ཆོས་འཁྲབ་སྟོན། སྐབས་དང་པོའི་མཚོ་སྔོན་ན་ཆུང་གཞོན་ནུ་བྱིས་པའི་ཟློས་གར་འགྲན་སྡུར། མཚོ་སྔོན་ན་ཆུང་གཞོན་ནུ་གཏམ་རྒྱུད་རྒྱལ་པོའི་འགྲན་སྡུར་སྐབས་བརྒྱད་པ། མཚོ་སྔོན་ན་ཆུང་གཞོན་ནུའི་འཕྲུལ་ཆས་མི་འགྲན་སྡུར་སྐབས་བཅོ་བརྒྱད་པ། མཚོ་སྔོན་ན་ཆུང་གཞོན་ནུའི་བྱིས་པའི་བརྙན་པར་འགྲན་སྡུར་སྐབས་གཉིས་པ། ཏང་གི་དྲིན་དྲན་ཞིང་། མེས་རྒྱལ་གྱི་དྲིན་དྲན་པའི་ན་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན། མཚོ་སྔོན་ན་ཆུང་གཞོན་ནུ་བྱིས་པའི་ཚན་རྩལ་འགྲན་རྩལ་སྐབས་དང་པོ། མཚོ་སྔོན་ན་ཆུང་གཞོན་ནུའི་སློབ་ཕྱིའི་སློབ་གསོ་ན་གཞོན་དགེ་རྒན་གྱི་འཇོན་ནུས་བརྗེ་རེས་འགྲེམ་སྟོན། གཙང་པོའི་འབྱུང་ཁུངས་ཀྱི་མ་འོངས་ཞེས་པའི་གླེང་སྟེགས། མཚོ་སྔོན་རིགས་སོ་སོའི་ན་ཆུང་གཞོན་ནུའི་རིག་གནས་བརྗེ་རེས་སྒར་སྐབས་གཉིས་པ། རྒྱལ་ཡོངས་ན་ཆུང་གཞོན་ནུ་ཕོ་བྲང་མ་ལག་གི་ཀྲུའུ་རིན་གསབ་སྦྱོང་འཛིན་གྲྭ་དང་། བརྗེ་སྤོར་གྱི་ན་ཆུང་གཞོན་ནུ་ཕོ་བྲང་གི་རྐང་འཛིན་དགེ་རྒན་གསབ་སྦྱོང་འཛིན་གྲྭ་སོགས་རིག་རྩལ་འཁྲབ་སྟོན་དང་། གླེང་སྟེགས། བརྗོད་གཞིའི་བརྗེ་རེས་བྱ་འགུལ་སོགས་ཀྱི་གྲུབ་ལ། དེའི་ཁྲོད་ཉེ་ལམ་མཚོ་སྔོན་གྱི་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་ཆེན་པོ་ཐོབ་མྱོང་བའི་ཕུལ་བྱུང་ན་ཆུང་གཞོན་ནུའི་འཁྲབ་སྟོན་སོགས་ཡོད་ལ། རིགས་ཆེན་པོ་དྲུག་དང་སྣ་ཁ་བཅུ་བཞི་ཡོད།

《ནམ་ལངས་སོང》 རིག་འཛིན་སྒྲོལ་མ། བཀྲ་ཤིས་དཔལ་མཚོ།

སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱིས་ཆབ་སྲིད་ཤུགས་སྣོན་དང་། སྤུས་ཚད་མཐོར་འདེགས། ལམ་སྲོལ་འཐུས་ཚང་། གྲུབ་ཆ་ལེགས་སྒྲིག  ནང་དོན་ལེགས་གཏོང་སོགས་ཀྱི་ཐད་ཞིབ་ཚགས་ཀྱི་ལས་དོན་མང་པོ་བསྒྲུབས་ཡོད་ལ། སྤྱི་ཚོགས་ལ་ཤུགས་རྐྱེན་དང་། སྤུས་ཚད་མཐོན་པོ། དུས་རབས་ཀྱི་རང་བཞིན་བཅས་གཞི་འཛིན་ས་བྱས་པ་དང་། གཞོན་ནུ་ལོ་ཆུང་གི་རིག་གནས་སྒྱུ་རྩལ་བྱ་གཞག་ལ་སྣེ་ཁྲིད་རྒྱུ་འགན་འཁྲིར་བརྩིས་ནས། རིག་གནས་བ་དང་ སྒྱུ་རྩལ་འཇོན་མི་གསོ་སྐྱོང་བྱེད་པ་དང་། མཚོ་སྔོན་གྱི་མི་རིགས་སོ་སོའི་རིག་གནས་སྒྱུ་རྩལ་གཅིག་སྡུད་བྱས་ཏེ་མི་རིགས་རིག་གནས་ཀྱི་ཡང་སྙིང་མངོན་པ། མཚོ་སྔོན་གྱི་གཞོན་ནུ་ལོ་ཆུང་གི་རིག་གནས་སྒྱུ་རྩལ་གྱི་ཕུལ་བྱུང་བརྩམས་ཆོས་འོས་སྦྱོར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ་མི་རིགས་རིག་གནས་སྒྱུ་རྩལ་དང་སྐྱེ་ཁམས་དཔལ་ཡོན་མཚོ་སྔོན་དུ་མཉམ་བཞད་ཐུབ་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རིག་གནས་སྒྱུ་རྩལ་གྱི་སྤུས་རྟགས་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་རིག་གནས་བྱ་གཞག་དར་རྒྱས་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་ཁྲིད་སྟོན་བྱ་རྒྱུ་རེད།

ཀླུ་མོ་སྒྲོལ་མ། 《ཆུང་ཆུང་བྱིས་པ》

འཆར་སྣང་དྲུག་འགྱུར

ཆུང་ཆུང་མདོ་འཛིན་པ།

སྒྲ་སྙན་རྟ་མགོ་མ་དང་། 《རྟ་ཕོའི་བང་རྩལ》

《གནམ་ས་བླ་འོག་བསྒྱུར་བའི་མཚོ་སྔོན》

《སེམས་པ་དམར་པོ་ཏང་ལ་ཕྱོགས》

《རྒྱལ་ཁབ་ལ་དགའ་ཞིང་བརྩེ》

《ནམ་ཡང་གྲ་སྒྲིག་བགྱིས་ཡོད》

《ང་དང་ངའི་མེས་རྒྱལ》

《ལྗང་མདོག་གི་མཚོ་སྔོན》

《ཁྱེད་ལ་བསྟོད་པ་བྱེད》

ན་ཆུང་གི་གུས་འདུད།

ན་ཆུང་གི་གུས་འདུད།

མཛད་སྒོ་མཇུག་བསྡུས་པ།