མཚོ་སྔོན་གྱི་ལས་རིགས་སློབ་གསོའི་བྱ་བར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ།
2019.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཉེ་ལམ།  ཀྲུང་གོ་སྲིད་གཞུང་དྲ་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པའི་ཐད་གྲུབ་འབྲས་མངོན་གསལ་ཡོད་པའི་ས་ཁུལ་ལ་ལྟ་ཞིབ་དང་སྐུལ་ལྕག་གཏོང་བའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་།   དེའི་ཁྲོད་མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་།   ཧྲན་ཏུང་།  ཧི་ནན།   ཧུའུ་ནན། ཀོང་ཏུང་བཅས་ཞིང་ཆེན་དྲུག་པོ་དེ་སློབ་གྲྭ་དང་ཁེ་ལས་མཉམ་ལས་སྐུལ་འདེད་ཤུགས་ཚད་ཆེ་བ་དང་།  ལས་རིགས་སློབ་གསོའི་འཕེལ་རྒྱས་ཁོར་ཡུག་བཟང་བ།  ལས་རིགས་སློབ་གསོའི་བཅོས་སྒྱུར་སྐུལ་འདེད་བཏང་བའི་གྲུབ་འབྲས་མངོན་གསལ་ཡིན་པའི་ས་ཁུལ་དུ་གཏན་ཁེལ་བྱས་ཡོད་པར་མ་ཟད།  བྱ་དགའི་རྒྱབ་སྐྱོར་ཐོབ་ཡོད།

ཉེ་བའི་ལོ་འགའི་རིང་ལ།    མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དགོས་མཁོ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱེད་པའི་འགན་འཁྲི་ལྕི་མོ་དམ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་སློབ་གསོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་།  ལྷག་པར་དུ་སློབ་གསོ་པུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ་ནས་བཟུང་།  མཚོ་སྔོན་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ཡོད།