མཚོ་སྔོན་ཞིང་ཆེན་གྱིས་རིགས་སོ་སོའི་ན་ཆུང་བྱིས་པའི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་བྱ་འགུལ་སྤེལ།
2019.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། ཞིང་ཆེན་ན་ཆུང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་འགྲམ་ནས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པ་དུས་རབས་གསར་བའི་ཁོར་ཡུག་སྲུང་སྐྱོབ་མཁན་ཆུང་བ་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་ཞབས་ཞུ་བྱ་འགུལ་སྤེལ། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིང་ཞིང་ཆེན་ནང་ཁུལ་ནས་ཡོང་བའི་བོད་རིགས་དང་རྒྱ་རིགས། ཧོར་རིགས། ཟ་ལར་རིགས། སོག་པོའི་ན་ཆུང་བྱིས་པ་བཞི་བཅུ་དང་མཉམ་དུ་བྱ་འགུལ་ལ་ཞུགས།

ཉིང་རྡུལ་མཁར་གྲོང་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་དང་མཚོ་སྔོན་པོའི་ནུར་ལྕེ་ལྗོངས་རྒྱུ་ཁུལ་དུ། ན་ཆུང་བྱིས་པ་བཞི་བཅུ་ཡིས་མཉམ་དུ་ང་དང་ང་ཡི་མེས་རྒྱལ་དང་ང་རང་ཀྲུང་གོ་ལ་དགའ་སོགས་རྒྱལ་གཅེས་གླུ་དབྱངས་བླངས་ནས། རིགས་སོ་སོའི་ན་ཆུང་བྱིས་པས་མེས་རྒྱལ་ལ་བཅངས་པའི་བསྔགས་བརྗོད་དང་དགའ་ཞེན་གྱི་སེམས་པ་མཚོན་པར་བྱས།