མཚོ་སྔོན་ཁྲང་ཡུན་དྲ་བས་སྨྱན་བྱད་མཉམ་འདྲེས་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ།
2019.05.24 ཁུངས། ཀློག་གྲངས། 44

སྤྱི་ཟླ5པའི་ཚེས24ཉིན། མཚོ་སྔོན་ཁྲང་ཡུན་དྲ་བའི་སྨྱན་བྱད་མཉམ་འདྲེས་སློབ་ཁྲིད་ཀྱི་བྱ་འགུལ་ཟི་ལིང་དུ་བསྡུས་ཤིང་། མཚོ་སྔོན་ཁྲང་ཡུན་དྲ་བས་གདན་ཞུ་བྱས་པའི་གྲོང་ཁྱེར་དང་ཁུལ། རྫོང་རིམ་པ་བཅས་ཀྱི་བརྙན་འཕྲིན་ལས་ཁུངས་དང་ཚགས་པར་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་སྐུ་མགྲོན་དག་གཞི་གཅིག་ལ་འཛོམས་ནས། སྨྱན་བྱད་མཉམ་འདྲེས་སྐོར་གྱི་ལག་ལེན་དང་གསར་སྐྲུན་གྱི་ནུས་ཚད་སྔོག་འདོན་དང་ཁྱབ་སྒྲོག་བྱས་ཏེ། ལས་རིགས་གཅིག་པའི་སྨྱན་བྱད་ལས་ཁུངས་དག་ལ་ཕན་ནུས་ལྡན་པའི་སྒོ་ནས་སློབ་ཁྲིད་གྱ་ནོམ་པ་བྱས། 

སྨྱན་བྱད་མཉམ་འདྲེས་ཀྱི་འཕེལ་རྒྱས་ནི་དེང་གི་ཆར་འཛམ་གླིང་གི་སྨྱན་བྱད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་བ་ཞིག་ཡིན་པ་དང་། སྲོལ་རྒྱུན་སྨྱན་བྱད་ཀྱིས་གྲངས་ཀ་གསར་བརྗེ་ཡི་གདོང་ཐུག་འོག་ཕྱོགས་ཡོངས་ཀྱི་ནུས་ཤུགས་དང་འགྲན་རྩོད་ནུས་པ་གསར་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ཀྱང་ཡིན་པ་རེད། དེ་བས་ཁྲང་ཡུན་དྲ་བའི་སྨྱན་བྱད་མཉམ་འདྲེས་ཀྱི་སློབ་ཁྲིད་བྱ་འགུལ་ནི་མཚོ་སྔོན་ཁྲང་ཡུན་དྲ་བས་སྨྱན་བྱད་ལས་རིགས་ཀྱི་ལས་ཁུངས་དང་སྡེ་ཁག་དག་ལ་སྨྱན་བྱད་མཉམ་འདྲེས་ཀྱི་སྐོར་སློབ་སྦྱོང་བྱེད་པར་བསྐྲུན་པའི་སྟེགས་བུ་ཞིག་ཡིན་ལ། མཉམ་འདྲེས་འཕེལ་རྒྱས་ཀྱི་གཞུང་ལུགས་ཞིབ་འཇུག་དང་སྲིད་ཇུས་སྒྲིག་སྲོལ། ལག་ལེན་འཕེལ་རྒྱས་བཅས་ཀྱི་ཕྱོགས་ལ་འབྲེལ་འདྲིས་དང་མཉམ་འབྲེལ་བྱེད་པར་བསྐྲུན་པའི་སྟེགས་བུ་ཞིག་ཀྱང་ཡིན། 

མིག་སྔར་སྨྱན་བྱད་མཉམ་འདྲེས་ཀྱི་འཕེལ་རྒྱས་ནི་དུས་རིམ་ངེས་ཅན་ཞིག་ཏུ་སླེབས་ཡོད་ལ། ཡོངས་འདུས་སྨྱན་བྱད་མུ་མཐུད་དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ཁྱོན་ཡོངས་སྨྱན་བྱད་དང་ཡོངས་ནུས་སྨྱན་བྱད་སོགས་ཀྱང་སྤྱི་ཚོགས་ཀྱི་ཁྲོད་དུ་གསར་ཐོན་བྱུང་བས། ཆ་འཕྲིན་ནི་གནས་གང་ཞིག་ཡིན་ཡང་ཡོད་པ་དང་། བཀོལ་མཁན་ཡང་སྔར་ལས་མང་བའི་གནས་བབ་གསར་བ་ཞིག་ཆགས་ཡོད་ལ། གླེང་ཕྱོགས་དང་སྨྱན་བྱད་ཀྱི་བཀོད་པ། ཁྱབ་སྒྲོག་གི་ཐབས་ལམ་ལ་འགྱུར་ལྡོག་བྱུང་བས། གསར་འགྱུར་གྱི་གླེང་ཕྱོགས་བྱ་བ་ལའང་འགྱུར་ལྡོག་བྱུང་ཡོད།

མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཀྲང་ཡུན་ཧྥེས་བཤད་རྒྱུར། ང་ཚོས་སློབ་ཁྲིད་ཀྱི་རྣམ་པ་བརྒྱུད་ནས་སྨྱན་བྱད་མཉམ་འདྲེས་སྐོར་གྱི་ལག་ལེན་དང་གསར་སྐྲུན་གྱི་ནུས་ཚད་སྔོག་འདོན་དང་ཁྱབ་སྒྲོག་བྱས་ཏེ། ལས་རིགས་གཅིག་པའི་སྨྱན་བྱད་ལས་ཁུངས་དག་ལ་ཕན་ནུས་ཐོན་ཐུབ་པར་རེ་བ་ཆེན་པོ་བཅངས་ཡོད་ཟེར། 

ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིའི་སྨྱན་བྱད་མཉམ་འདྲེས་ཚོགས་པའི་ལས་བཟོ་བ་ཞིས་ཅཱ་ནོས་བཤད་རྒྱུར། ང་ཚོས་ནམ་ཡང་རེ་འདུན་ལེགས་པོ་ཞིག་བཅངས་ཡོད་ལ། སྨྱན་བྱད་ཁྱབ་ཁོངས་ཀྱི་ལག་རྩལ་སྟབས་བདེའི་ཕྱོགས་སུ་བསྐྱོད་དེ་སྨྱན་བྱད་ཀྱི་བྱ་བ་སྒྲུབ་མཁན་དག་ལ་ལག་རྩལ་གྱི་ཐད་ནས་དཀའ་ངལ་ལ་འཕྲད་མི་དགོས་པ་བྱ་དགོས་ཟེར།

མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཀྲང་ཡུན་ཧྥེས་འགོ་འཛིན་བྱེད་བཞིན་པ།

འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ལིས་ཧྥུ་ཁྲིན་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་པུའུ་ཡི་ཝང་ཧེ་ཞུས་ཀྱིས་སློབ་ཁྲིད་བྱེད་བཞིན་པ།

1024སྨྱད་བྱད་མཉམ་འདྲེས་སློབ་གླིང་གསར་འཛུགས་མཁན་ལིན་ཀང་གིས་སློབ་ཁྲིད་བྱེད་བཞིན་པ།

ཧི་ཅན་མཉེན་ཆས་ཀྱི་རྒྱུན་ལས་སྤྱི་འདོམས་གཞོན་པ་ལིག་ཅོན་གྱིས་སློབ་ཁྲིད་བྱེད་བཞིན་པ།

ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིའི་སྨྱན་བྱད་མཉམ་འདྲེས་ཚོགས་པའི་ལས་བཟོ་བ་ཞིས་ཅཱ་ནོས་སློབ་ཁྲིད་བྱེད་བཞིན་པ།

ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིའི5Gཚོགས་པའི་ཁོངས་མི་ཀྲིན་ཞི་ལེན་གྱིས་སློབ་ཁྲིད་བྱེད་བཞིན་པ།

ཚོགས་རའི་ཡུལ་དངོས།