གཅན་ཚས་རྒྱུན་མཐུད་སྒོས་རྩ་འཛུགས་བྱ་བ་དེ་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་།
2019.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉེ་བའི་ལོ་འདི་འགར། གཅན་ཚ་རྫོང་རྩ་འཛུགས་བྱ་བས་ཧུར་ཐག་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཙོར་བཟུང་སྟེ། སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་གཅིག་གྱུར་སྐུལ་སྤེལ་བྱེད་པ་དང་། ཁྱོན་ཡོངས་ནས་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་དཔུང་སྡེ། འཇོན་མིའི་དཔུང་སྡེ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་ཀྱིས་རྩ་འཛུགས་བྱ་བར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ལས་རིགས་གཙོ་བོ་དང་ཅགན་འཁུར་གཙོ་བོ་ལ་དོ་སྣང་བྱས་ནས། བྱ་བའི་དཀྱིལ་སྙིང་གི་ཆེ་ཕྱོགས་ཞབས་ཞུ་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འོས་འགན་ཁག་འཁུར་བྱེད་པར་ཤུགས་བསྣན་ནས། རྒྱུན་མཐུད་སྒོས་རྩ་འཛུགས་བྱ་བ་དེ་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་།