མཚོ་ལྷོ་ཁུལ་གྱིས་བརྕེ་བའི་ལག་རྡང་སྦྲེལ་དེ་སང་ཉིན་བྱམས་ཀྱིས་སྐྱོངས་ཞེས་པའི་ཞིབ་དཔྱད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ།
2019.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

མཚོ་ལྷོ་ཁུལ་གྱིས་བརྩེ་བའི་ལག་རྡང་སྦྲེལ་དེ་སང་ཉིན་བྱམས་ཀྱིས་སྐྱོངས་ཞེས་པའི་ཞིབ་དཔྱད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ། ནར་མ་སོན་པའི་བྱིས་པ་བདེ་ཐང་ངང་མཚར་ལོངས་འབྱུང་བ་དང་སྤྱི་ཚོགས་ཡོངས་ཀྱིས་སྤྱིའི་སེམས་ཁུར་དང་ནར་མ་སོན་པའི་བྱིས་པའི་བདེ་ཐང་ལ་སྣེ་ཁྲིད་བྱ་ཆེད། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་མ་སླེབས་པའི་སྔོན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་བརྩེ་བའི་ལག་རྡང་སྦྲེལ་དེ་སང་ཉིན་བྱམས་ཀྱིས་སྐྱོངས་ཞེས་པའི་ཞིབ་དཔྱད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ། མཚོ་ལྷོ་ཁུལ་ཕན་བདེ་གླིང་གི་བྱིས་པ་རྣམས་ཞིབ་དཔྱོད་ལུས་ཁུངས་སུ་སོང་སྟེ་ཐག་ཉེ་བའི་སྒོ་ནས་ཞིབ་དཔྱོད་ཁང་གི་ལས་ཀ་དག་ལ་བལྟས།   བྱ་འགུལ་སྐབས་སུ་ཞིབ་དཔྱོད་དཔོན་པོས་བྱིས་པ་རྣམས་ལ་སྣེ་ཁྲིད་དེ་12309ཞིབ་དཔྱོད་ཁང་གི་ཞབས་ཞུའི་ཚོམས་ཆེན་དང་ཞིབ་དཔྱོད་རིག་གནས་ཁང་ནར་མ་ཟོན་པའི་བྱིས་པའི་ཞིབ་དཔྱོད་ཁང་སོགས་ལ་བལྟས་པ་མ་ཟད་ཕྱིན་ཆད་ཀྱི་བྱ་བར་བཀོད་སྒྲིག་དང་བླངས་བྱ་བཏོན་པ་རེད།