སྤྱི་ཟླ6པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་དྲ་ཚིགས་སྤྱོད་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ནང་གི་ཁེ་ལས་པ་དང་ཆེད་མཁས་པ་མང་པོ་མཛད་སྒོའི་སྟེང་ཞུགས་ནས་བོད་ཀྱི་ཁེ་ལས་ཆུང་འབྲིང་དང་ཚོང་གཉེར་བྱེད་ཐབས་སོགས་ཀྱི་ཐད་ལ་བགྲོ་གླེང་བྱས།
2019ལོ་ནས་བཟུང་མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་བསམ་བློའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། རྒྱུད་གཅིག་ལམ་གཅིག་གི་འཐབ་ཕྱོགས་ལྟར། ཚོགས་པའི་རྒྱུན་ལས་ཚོགས་འདུའི་ཐག་གཅོད་བཞིན་དུས་ཚིགས་རེར་ལས་གཞི་བསྡུ་སྒྲིག་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། དེའི་དོན་སྙིང་ཡང་ལས་གཞི་བསྡུ་སྒྲིག་བྱེད་པའི་བྱ་འགུལ་བརྒྱུད། སྤུས་ཚད་ལེགས་ཤིང་ཕན་ནུས་ཆེ་བ། ཁྱད་ཆོས་ལྡན་པའི་ལས་གཞི་འགའ་ཤས་བསྡུས་ནས། རྒྱ་ཆེ་བའི་ཁེ་ལས་བ་རྣམས་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཕྱོགས་ཀྱི་ཁྲོད་དུ་མཉམ་འདྲེས་བྱེད་དུ་འཇུག་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་བཀོད་ལ་བསྟུན་ནས། ལག་ལེན་དངོས་དང་ནུས་ལྡན་གྱི་བྱེད་ཐབས་གཞིར་བཟུང་སྟེ། ཁོངས་མིའི་ཁེ་ལས་རིམ་སྤར་བྱེད་པར་སྐུལ་འདེད་དང་རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་འདོན་པ་དེ་རེད།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་བཟོ་བ་ཡོངས་ཀྱི་འབད་པ་ལྷོད་མེད་བྱས་པ་ལ་བརྟེན་ནས། ཚོང་ལས་ཡར་སྐུལ་ཚོགས་པའི་དྲ་ཚིགས་དངོས་སུ་སྤྱོད་མགོ་བརྩམས་པས། ཁོངས་མི་ཡོངས་ལ་ཆ་འཕྲིན་དང་བྱ་བ། སློབ་སྦྱོང་བཅས་མཉམ་སྤྱོད་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་གསར་བ་ཞིག་བསྐྲུན་པ་མ་ཟད། ཚོང་དཔོན་ནོར་བུ་བཟང་བོའི་ཚོང་ལས་ཀྱི་བསམ་བློ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། མཚོ་སྔོན་གྱི་ཚོང་གཉེར་མི་སྣའི་སྙིང་སྟོབས་དང་འཇོན་ནུས་མངོན་པ་ལའང་རོགས་འདེགས་ཆེན་པོ་བྱས་ཡོད། དེ་མིན་དྲ་ཚིགས་སྤྱོད་མགོ་ཚུགས་པ་འདིས་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་ཁོངས་མི་དང་སྤྱི་ཚོགས། དཔལ་འབྱོར་འཛུགས་སྐྲུན་གྱི་ཞབས་ཞུ་བཅས་ལ་ཐོན་བཞིན་པའི་གཞི་རྩའི་ངོ་བོ་དེའང་གསལ་འདོན་བྱ་ཐུབ་ལ། དེ་དང་མཉམ་དུ་མཚོ་སྔོན་གྱི་ཁེ་ལས་ཆུང་འབྲིང་མང་པོ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་ལའང་སྐུལ་འདེད་ཀྱི་ནུས་པོ་ཐོན་ངེས་རེད།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་དྲུང་ཡིག་གཞོན་པ་མཚོ་མོ་མེ་ཏོག་གིས་མཛད་སྒོར་མགོ་འཛིན་བྱེད་བཞིན་པ།
ཚོགས་འདུའི་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
ཞིན་ཧྭ་དྲ་བ་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་དབྱང་ཧྲིག་ཏིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་ཏུང་ལེན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཝེ་ཨིན་ཁེ་ལས་དོ་དམ་འདྲི་རྩད་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཀྲང་ཅི་ཧེས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་ནམ་མཁའ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་བློ་བཟང་གིས་གཏམ་བཤད་གནང་བཞིན་པ།
ལས་གཞི་ངོ་སྤྲོད་བྱེད་བཞིན་པ།
ལས་གཞི་ངོ་སྤྲོད་བྱེད་བཞིན་པ།
ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།
གསར་འགོད་པ། ཐུབ་བསྟན།