མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་འགྲིམ་འགྲུལ་དོ་དམ་ཕྱོགས་ཀྱི་བཅོས་སྒྱུར་བྱེད་ཐབས་གསར་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2019.06.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 193


            ལས་བཟོ་བས་བྱ་བའི་འགྲོ་ལུགས་ངོ་སྤྲོད་བྱེད་ཀྱིན་པ།              


                          འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་མི་སྣས་གསར་འགོད་པར་བཅོས་སྒྱུར་བྱེད་ཐབས་ཀྱི་ནང་དོན་དག་ངོ་སྤྲོད་བྱེད་ཀྱིན་པ། 


                 འགྲིམ་འགྲུལ་ལྟ་སྐུལ་དོ་དམ་ཕྱོགས་ཀྱི་བྱ་བ་སྒྲུབ་བཞིན་པའི་ཡུལ་དངོས། 


                       གསར་འགོད་པས་ལས་བཟོ་བ་ཚེ་རིང་སྐྱིད་ལ་བཅར་འདྲི་བྱེད་ཀྱིན་པ། 



ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་རླངས་འཁོར་དོ་དམ་ས་ཚིགས་སུ་འགྲིམ་འགྲུལ་དོ་དམ་ཕྱོགས་ཀྱི་བཅོས་སྒྱུར་བྱེད་ཐབས་གསར་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བའི་ལོ་ཡིན་ལ། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། སྲིད་ཁྲིམས་མངའ་ཁོངས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ། དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་དགོས་ཚུལ་སོགས་ཀྱི་དགོངས་དོན་ནན་བཤད་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་དགོངས་དོན་དེར་དམིགས་ནས་འགྲིམ་འགྲུལ་དོ་དམ་ཕྱོགས་སུ་དམངས་ཕན་ལ་གཞོལ་བའི་བཅོས་སྒྱུར་བྱས། དེའི་ཕྱོགས་ནས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ལས་བཟོ་བ་ཚེ་རིང་སྐྱིད་ཀྱིས་བཤད་རྒྱུར།
ཚེ་རིང་སྐྱིད། དེ་རིང་ནས་བཟུང་རླངས་འཁོར་གསར་པ་ཉོས་ཚེ་རང་གི་རླངས་འཁོར་ཨང་གྲངས་ཕར་ཚུར་བརྗེས་ཆོག་ལ། དུས་ཚོད་ཀྱང་ལོ་གཉིས་ལ་བཞག་ཆོག་པར་བྱས་ཡོད། དེ་མིན་ད་དུང་ཁྲིམས་འགལ་ཆད་དངུལ་ཡང་ཁ་པར་གྱི་སྟེང་ནས་སྤྲད་ཆོག

ཐེངས་འདིའི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་བཅོས་སྒྱུར་བྱེད་ཐབས་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་ཞིང་།བཅོས་སྒྱུར་ལག་ལེན་གྱི་ཉམས་མྱོང་རྨང་གཞིར་བཟུང་ནས། སྤྱི་ཚོགས་ཀྱི་རིགས་སོ་སོའི་བསམ་ཚུལ་ལ་རྒྱུས་ལོན་བྱས་མཐར་དངོས་འབེབ་བྱས་པ་ཡིན་པས་མི་དམངས་ལ་ཕན་པའི་བཅོས་སྒྱུར་རྐྱང་རྐྱང་ཡིན་ཞིང་། དེ་ལ་བསྡོམས་པས་བཅོས་སྒྱུར་བྱེད་ཐབས་བཅུ་ཡོད། ལས་བཟོ་བ་ཚེ་རིང་སྐྱིད་ཀྱིས་མུ་མཐུད་ནས་བཤད་རྒྱུར།

ཚེ་རིང་སྐྱིད།  རྒྱ་ཡིག་གཅིག་ཀྱང་མི་ཤེས་པའི་མང་ཚོགས་བྱ་བ་སྒྲུབ་ཏུ་ཡོང་ན། ང་ཚོས་ཁོའི་འདོད་དོན་བཞིན་འགྲོ་ལུགས་རེ་རེ་ལ་མཛུབ་སྟོན་བྱེད་ཀྱིན་ཡོད། དེ་མིན་དེ་ནས་བཟུང་རླངས་འཁོར་འགན་སྲུང་སོགས་ཉོས་ན་རང་གི་ཁ་པར་སྟེང་དུ་བལྟ་ཐུབ། རླངས་འཁོར་དོ་དམ་ས་ཚིགས་ལ་རླངས་འཁོར་འགྲོ་ལུགས་སྒྲུབ་པར་ཡོང་མཁན་ཅི་འདྲ་མང་རུང་ང་ཚོས་ལས་རིགས་དབྱེ་དགར་བྱས་ཡོད་པས་དུས་ཚོད་འགོར་འགྱངས་བྱེད་མི་སྲིད།

འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རླངས་འཁོར་ཐོ་འགོད་བྱེད་པ་དང་། རླངས་འཁོར་གྱི་ལག་རྟགས་ལ་རྒྱུགས་སྤྲོད་པ། རླངས་འཁོར་གྱི་ཐོ་འགོད་ས་གནས་གཞན་ནས་བྱེད་ཐུབ་པ་སོགས་ཀྱི་སྟབས་བདེ་གང་ལེགས་སྐྲུན་པས། བྱེད་ཐབས་དེ་དག་གིས་རང་ཞིང་གི་འགྲིམ་འགྲུལ་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་སྤུས་ཚད་མཐོན་པོས་ངང་མཐོར་འདེགས་འབྱུང་བར་དོན་སྙིང་གལ་ཆེན་ལྡན།






གསར་འགོད་པ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།