ཐེན་ཅིན་གྱི་དགེ་རྒན་མིང་གྲགས་ཅན་རྨ་ལྷོ་རུ་བསྐྱོད་པ་དང་སློབ་གྲྭའི་བར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་རྨ་ལྷོ་ཁུལ་ནས་སྤེལ།
2019.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱི་སློབ་གསོའི་བརྗེ་རེས་སྟེགས་བུ་འཛུགས་པ་དང་། སློབ་གསོའི་ལས་དོན་མཉམ་དུ་འཕེལ་རྒྱས་སུ་གཏོང་ཆེད། ཉེ་ལམ། ཐེན་ཅིན་གྲོང་ཁྱེར་མཚོ་འགྲམ་ཁུལ་གསར་སློབ་གསོ་ལུས་རྩལ་ཅུའུ་དང་རྨ་ལྷོ་ཁུལ་སློབ་གསོ་ཅུའུ་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རིག་སྟོབས་ལ་བརྟེན་ནས་སློབ་གསོའི་རོགས་སྐྱོར་སྤེལ་བ་དང་གནད་ཕིགས་དབུལ་ཐར་བྱེད་པའི2019ལོའི་ཐེན་ཅིན་གྱི་དགེ་རྒན་མིང་གྲགས་ཅན་རྨ་ལྷོ་རུ་བསྐྱོད་པ་དང་སློབ་གྲྭའི་བར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་རྨ་ལྷོ་ཁུལ་སྲིད་གཞུང་གྲོས་ཚོགས་ལྟེ་གནས་ནས་སྤེལ།

སློབ་གྲྭའི་བར་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། ཐེན་ཅིན་གྲོང་ཁྱེར་མཚོ་འགྲམ་ཁུལ་གསར་གྱི་སློབ་གྲྭ་བཅུ་དང་རྨ་ལྷོ་ཁུལ་གྱི་སློབ་གྲྭ་བཅུའི་བར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པའི་གྲོས་མཐུན་བཀོད། བྱ་འགུལ་དེ་སློབ་གཙོ་མིང་གྲགས་ཅན་གྱི་བརྗེ་རེས་དང་སེམས་ཁམས་བདེ་ཐང་སློབ་གསོ། འཛིན་བདག་མིང་གྲགས་ཅན་གྱི་བརྗེ་རེས། དགེ་རྒན་མིང་གྲགས་ཅན་གྱི་དཔེ་སྟོན་སློབ་ཁྲིད། བྱིས་གཉོར་ཁང་གི་སློབ་གཙོ་མིང་གྲགས་ཅན་གྱི་བརྗེ་རེས་བཅས་ཁག་ལྔར་དབྱེ་ཡོད་ལ། སྐོར་ཁག་བགོས་ནས་རྨ་ལྷོ་ཁུལ་སློབ་འབྲིང་དང་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ ཐུན་རིན་རྫོང་བྱིས་གཉོར་ཁང་གཉིས་པ། གཅན་ཚ་རྫོང་སློབ་འབྲིང་། གཅན་ཚ་རྫོང་མི་རིགས་སློབ་འབྲིང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། ཧི་ནན་རྫོང་མི་རིགས་སློབ་འབྲིང་བཅས་སློབ་གྲྭ་བདུན་ནས་སྤེལ།

བྱ་འགུལ་ཁྲོད། ཐེན་ཅིན་གྱི་དགེ་རྒན་མིང་གྲགས་ཅན་གྱིས་དཔེ་གཞི་ལ་ཟུང་འབྲེལ་བྱས་ནས་དཔེ་སྟོན་སློབ་ཁྲིད་འགྲེམ་སྟོན་བྱས་པ་དང་། དེར་ལག་བསྟར་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ལ། རྨ་ལྷོ་ཁུལ་གྱིས་སློབ་གྲྭའི་དོ་དམ་དང་སློབ་གསོ་སློབ་ཁྲིད་ཐད་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས། ཁུལ་ཡོངས་ཀྱི་སློབ་གྲྭ་མིང་གྲགས་ཅན་གྱི་སློབ་གཙོ་དང་འཛིན་བདག་གི་འཐུས་ཚབ་མི་སྣ། སློབ་གྲྭའི་སྨན་པ། འབྲེལ་ཡོད་སློབ་ཚན་གྱི་དགེ་རྒན། སེམས་ཁུར་ཟུར་ཁྲིད་མི་སྣ་དང་བྱིས་གཉོར་ཁང་གི་དགེ་རྒན་བཅས་མི་དགུ་བརྒྱ་ལྷག་ལྟ་སྦྱོང་སློབ་སྦྱོང་ཁྲོད་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།