ཉེ་ལམ་མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་ཁང་ཏང་ཀྲི་པུའུ་ཡིས་ཟི་ལིང་གྲོང་ཁྱེར་བཅིངས་འགྲོལ་ལམ་གཞིས་ཁུལ་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ས་ཁུལ་དུ་སྨན་རྫས་དང་ཟས་རིགས་ཁྱབ་ཁོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཁྱབ་བསྒྲགས་བྱ་འགུལ་སྤེལ།
བྱ་འགུལ་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལས་བྱེད་པས་ཉེ་བའི་ལོ་འདི་དག་གི་རིང་བྱུང་བའི་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་གྱོད་དོན་ཇི་ལྟར་12331གི་སྐུད་ལམ་བརྒྱུད་དེ་ཡར་ཞུ་བྱེད་པ་དང་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ཡར་ཞུའི་ཁ་པར་ཨང་གྲངས་སོགས་ཚོན་ལྡན་དྲིལ་བསྒྲགས་དངོས་རིགས་ཉིས་བརྒྱ་ལྷག་བྱིན་པ་དང་གཞིས་ཁུལ་གྱི་འཕྲིན་སྟེགས་སྒོ་སམ་སོགས་སུ་ཚོན་ལྡན་ཁྱབ་བསྒྲགས་བརྒྱ་ལྷག་སྦྱར། གཞིས་ཁུལ་གྱི་མི་ཐམས་ཅད་ཀྱིས་ཟས་རིགས་དང་སྨན་རྫས་ཁྲོད་གནས་པའི་གནད་དོན་དག་ཡར་ཞུ་བྱེད་པ་དང་སྡོད་དམངས་ཡོངས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས་ཟེར།
གཞིས་ཁུལ་གྱི་སྡོད་དམངས་ཀྱིས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་བརྒྱུད་དེ་ནག་འཇོམས་ངན་སེལ་དང་འབྲེལ་བའི་ཤེས་བྱ་མང་པོ་དང་སྲིད་གཞུང་གིས་ནག་ཕྱོགས་སྟོབས་ཤུགས་མེད་པར་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་གི་ཆོད་སེམས་སོགས་མཐོང་བྱུང་ཟེར།