སྤྱི་ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་བསྡུས་པའི2019ལོའི་རྒྱལ་ཡོངས་ཀྱི་ལས་རིགས་གསར་སྐྲུན་བྱེད་པའི་བྱ་འགུལ་གཟའ་འཁོར་ལས་མཚོ་སྔོན་གྱི་ཡན་ལག་ཚོགས་རས་ལས་རིགས་གསར་སྐྲུན་གྱི་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཚོགས་འདུ་དེ་ཟི་ལིང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིན། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་ལས་ཁུངས་དང་སྡེ་ཁག་གི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་ཡོད་པ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་ཚགས་པར་ཁང་དང་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ལས་ཁུངས་ཉི་ཤུ་ལྷག་ཆེད་དུ་གདན་ཞུ་བྱས་ཏེ་ལས་རིགས་གསར་སྐྲུན་གྱི་ཐད་ནས་བསམ་བློ་བརྗེ་རེས་བྱས།
ཚོགས་འདུར་ཞུགས་པའི་འབྲེལ་ཡོད་མི་སྣ་དག་གིས་སྨྱན་བྱད་ལས་ཁུངས་དག་གིས་དོ་སྣང་བྱེད་པ་བཞིན་པའི“སྐྲུན་པ་གཉིས”ཀྱི་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཀྲམས་པའི《ལས་རིགས་གསར་སྐྲུན་གྱི་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“སྐྲུན་པ་གཉིས”ཀྱི་རིམ་སྤར་ཁྱད་ཆོས་ཅན་ལག་བསྟར་བྱེད་པ་དང་འབྲེལ་བའི་བསམ་འཆར》གྱི་བྱེད་ཐབས་ཉེར་གསུམ་པ་ལྟར། རང་ཞིང་གི་ཚན་རྩལ་ཐད་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ལམ་ཕྱོགས། ཁེ་ལས་ཆུང་འབྲིང་གི་ལས་རིགས་གསར་སྐྲུན་ཐད་ཀྱི་འཕེལ་རྒྱས། ཁེ་ལས་ཆུང་འབྲིང་གི་ཁྱད་ལྡན་གྱི་ཆུ་ཚད་ཇེ་ལེགས། “སྐྲུན་པ་གཉིས”ཀྱི་ནུས་སྒོ་རིམ་སྤར། མཐོ་རིམ་སློབ་གྲྭའི་ལས་རིགས་གསར་སྐྲུན་གྱི་སློབ་གསོའི་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་སོགས་འབྲེལ་ཡོད་བྱེད་ཐབས་གཙོ་གནད་དུ་བཟུང་ནས་འོས་སྦྱོར་བྱས་ཤིང་། སྨྱན་བྱད་ལས་ཁུངས་སོ་སོའི་གཏམ་བཤད་པས“སྐྲུན་པ་གཉིས”ཀྱི་སྲིད་ཇུས་ལ་སྒྲོག་འགྲེལ་གཏིང་ཟབ་བྱས་པས། རང་ཞིང་གི་ལས་རིགས་གསར་སྐྲུན་པ་དག་ལ“སྐྲུན་པ་གཉིས”ཀྱི་སྲིད་ཇུས་ལ་རྒྱུས་ལོན་བྱེད་པར་རོགས་འདེགས་ཆེན་པོ་བྱས་པ་དང་ཁེ་ལས་ཆུང་འབྲིང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན།
ཚོགས་འདུའི་ཐོག་ཞིང་ཆེན་ཚན་རྩལ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་རང་ཞིང་གིས་ཟླ་6པའི་ཚེས་13ཉིན་རྒྱལ་ཡོངས་དང་ལྷན་དུ“2019ལོའི་རྒྱལ་ཡོངས་ཀྱི་ལས་རིགས་གསར་སྐྲུན་གྱི་བྱ་འགུལ་གཟའ་འཁོར”སྤེལ་རྒྱུའི་སྐོར་ངོ་སྤྲོད་བྱས་ཤིང་། ཚད་མཐོའི་འཕེལ་རྒྱས་ཀྱི་བླང་བྱ་དང་དམ་དུ་སྦྲེལ་བ་དང་ལས་ཞུགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། ལས་རིགས་གསར་སྐྲུན་གྱི་ཟབ་སྦྱོང་སྤེལ་བ་སོགས་ཀྱི་བྱ་འགུལ་བརྒྱུད་ནས། “སྐྲུན་པ་གཉིས”ཀྱི་སྲིད་ཇུས་དྲིལ་སྒྲོག་དང་གྲུབ་འབྲས་འགྲེམ་སྟོན། ཉམས་མྱོང་བརྗེ་རེས་བཅས་བྱས་ཏེ། ཞིང་ཆེན་ཡོངས་ནས“སྐྲུན་པ་གཉིས”ཀྱི་རིམ་པར་ཁྱད་ཆོས་ཅན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གདོན་རྒྱུ་རེད།
ཚོགས་ཞུགས་འགོ་ཁྲིད་ལྷན་རྒྱས།
མཚོ་སྔོན་ཞིང་ཆེན་ཚན་རྩལ་གྱི་ཐིན་གྱི་ཐིན་ཀྲང་གཞོན་པ་མའོ་ཞའེ་རོང་གིས་འགོ་འཛིན་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་སྲིད་ཇུས་ཁྲིམས་སྲོལ་དང་རྨང་གཞི་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧེ་མན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིའུ་ཡོན་ཁྲིན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་ཞུགས་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་མིན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཏ་ལིན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲིན་ཙུང་ཡུས་ཀྱིས་གཏམ་བཤད་གནང་བཞིན་པ།
སྨྱན་བྱད་ལས་ཁུངས་ཀྱི་མི་སྣས་དྲི་བ་འདོན་བཞིན་པ།
སྨྱན་བྱད་ལས་ཁུངས་ཀྱི་མི་སྣས་དྲི་བ་འདོན་བཞིན་པ།
ཚོགས་འདུའི་ཡུལ་དངོས།
གསར་འགོད་པ། ཐུབ་བསྟན།