ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་གྱི་སྤྱི་བདེ་ཅུའུ་ཡིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲིལ་སྒྲོག་བྱ་འགུལ་སྤེལ།
2019.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྒོ་ཀུན་ནས་སྤེལ་བ་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་སྤྱི་བདེ་ཅུའུ་ཡིས་ཐོག་མཐའ་བར་གསུམ་ཀུན་ཏུ་མང་ཚོགས་ཡོངས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་དྲིལ་སྒྲོག་དང་སྐུལ་སློང་བྱས་ཏེ། དེ་བསྟུན་གྱི་རྩ་འཛུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། ཕྱོགས་བསྡུས་སྒོས་བྱེད་ཐབས་སྣ་མང་སྤྱད་དེ། མང་ཚོགས་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་ཕན་པའི་དྲིལ་སྒྲོག་མཁའ་དབུགས་ལེགས་པོ་ཞིག་བསྐྲུན། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་། མངའ་ཁོངས་སུ་འཕྲོག་བཅོམ་གཉིས་ཀྱི་གྱོད་དོན་བྱུང་མེད་པ་དང་། ཉེས་དོན་དང་བདེ་སྲུང་རིགས་ཀྱི་གྱོད་དོན་བྱུང་ཚད་ལོ་སྔོན་མ་གསུམ་ལས་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉེར་བརྒྱད་དང་བརྒྱ་ཆའི་ང་གཅིག་གིས་ཇེ་དམའ་རུ་སོང་ཡོད།

མི་དམངས་མང་ཚོགས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་ལ་རྒྱུས་ལོན་བཟང་བོ་བྱེད་ཆེད་དང་དེའི་ཁྲོད་ཟབ་ཞུགས་གང་ལེགས་བྱེད་ཆེད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་སྤྱི་བདེ་ཅུའུ་ཡིས་དུས་ཆེན་སོགས་ཀྱི་གོ་སྐབས་བེད་སྤྱད་དེ། སྲང་ལམ་གཞུང་སྒྲུབ་ཁང་དང་སྤྱི་བདེ་ལས་ཁུངས་ཀྱི་མཉམ་འབྲེལ་མཉམ་སྒུལ་ལམ་ལུགས་ལ་ཤུགས་བསྣན་ནས། ཐུན་མོང་དྲིལ་སྒྲོག་བྱ་འགུལ་ཐེངས་ང་གཉིས་ལ་སྤེལ་བ་དང་། བརྡ་ཁྱབ་ཁྲི་གཉིས་ལ་ཉེ་བ་སྤེལ་བ་ལས་གཞན། འཕྲེད་དར་བརྒྱ་དང་ང་དྲུག་བཀལ་བར་མ་ཟད། སྤྱི་བསྒྲགས་དྲིལ་སྒྲོག་ལེ་ཚན་བརྒྱ་ལ་ཉེ་བ་བསྐྲུན། དེ་མིན་ད་དུང་དྲིལ་སྒྲོག་ལག་དེབ་ཁྲི་ལྔ་ལྷག་བཟོས།

ལོ་ཙཱ་བ། བན་དེ་སྐྱབས།