གཏེར་ལེན་ཁ་གྲོང་ཁྱེར་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་འགུལ་གྱི་མཐོ་རླབས་འཕྱུར་བར་བྱས།
2019.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

བསྟུད་མུར་ཉིན་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྲང་ལམ་གང་སར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་མཁའ་དབུགས་མངོན་གསལ་ཇེ་སྟུག་ཏུ་ཕྱིན་ཡོད་པ་ཚོར་ཐུབ་པར་མ་ཟད། ནག་འཇོམས་ངན་སེལ་བྲིས་ཡོད་པའི་བརྡ་ཁྱབ་དང་འཕྲེད་དར། དྲིལ་སྒྲོག་རྒྱུ་ཆ་བཅས་གང་སར་མཐོང་རྒྱུ་ཡོད།

གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་གཞིས་ཁུལ་སོ་སོའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་མངའ་ཁོངས་ཀྱི་ལས་རིགས་སོ་སོའི་ལས་གནས་ཀྱི་འགན་ཁུར་མི་སྣ་དང་མཉམ་གཅིག་ཏུ། ལས་རིགས་སོ་སོའི་ལས་གནས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ། ཐུན་མོང་གི་ལམ་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་ཟབ་སྦྱོང་བྱས་པར་མ་ཟད། དེ་བསྟུན་གྱི་འགན་འཁྲིའི་ཡི་གེའི་སྟེང་མིང་བཀོད་ནས། མི་རེ་རེར་ནག་འཇོམས་ངན་སེལ་གྱི་འགན་ཁུར་ཡོད་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་།

ལོ་ཙཱ་བ། བན་དེ་སྐྱབས།