2019ལོའི་ཐུན་ཏེ་རྫོང་རྫོང་རུ་རྟགས་མའི་མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་སློང་འགྲན་སྡུར་དང་སྐབས་དང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་ཐུན་ཏེ་རྫོང་དུ་བསྡུས།
2019.06.10 ཁུངས། ཀློག་གྲངས། 778

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཐུན་ཏེ་རྫོང་མི་དམངས་སྲིད་གཞུང་དང་། ཞིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི་གཉིས་ཀྱིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ལུས་རྩལ་ཡུལ་སྐོར་ལས་དོན་ཁང་དང་། ཐུན་ཏེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་རི་འཛེག་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་རོགས་སྒྲུབ་བྱས་པའི2019ལོའི་ཐུན་ཏེ་རྫོང་རྫོང་རུ་རྟགས་མའི་མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་སློང་འགྲན་སྡུར་དང་སྐབས་དང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ6པའི་ཚེས10ཉིན་ཐུན་ཏེ་རྫོང་འབའ་ལུང་ཞང་འབའ་མདོ་སྡེ་བ་རུ་བསྡུས།

ཐེངས་འདིའི་མཛད་སྒོའི་སྟེང་ལ་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགོ་ཁྲིད།  དེ་མིན་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་འགྲན་ཞུགས་པ། ལྟད་མོ་བ་སོགས་མི་སྟོང་ལྷག་ཞུགས་ཡོད། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ནས་ཐུན་ཏེ་རྫོང་གིས་རིག་གནས་དང་ཡུལ་སྐོར། ལུས་རྩལ། དབུལ་སྐྱོར་བཅས་མཉམ་འདྲེས་དང་མཉམ་སྤྱོད་བྱས་ཏེ་ལུས་རྩལ་གྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་ནས་རིག་གནས་ཀྱིས་ཡུལ་སྐོར་ལ་རམ་འདེགས་བྱེད་པ་དང་། ཡུལ་སྐོར་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ཁྲོད་ནས་རྫོང་རུའི་རིག་གནས་སྲུང་སྐྱོབ་དང་། ས་གནས་ཀྱི་མིང་བྱང་དྲིལ་སྒྲོག་བྱེད་པ།  ལྗོངས་རྒྱུའི་ཡུལ་སྐོར་ཕྱོགས་ལ་སྔར་ན་མེད་པའི་གྲུབ་འབྲས་ཆེན་པོ་ཞིག་བླངས་ཤིང་། ཐུན་ཏེ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ལས་ཕྱིར་འབུད་བྱས་པ་ཆེས་སྔ་ཤོས་ཡིན་པའང་མངོན་པར་མཚོན་ཡོད།

ཐེངས་འདིའི་བྱ་འགུལ་གྱི་ནང་དོན་གཙོ་བོ་ནི་སྐྱེས་མའི་སྤྱི་ལེ16ཅན་གྱི་རྐང་རྒྱུག་འགྲན་སྡུར་དང་།  སྐྱེས་པའི་སྤྱི་ལེ16ཅན་གྱི་རྐང་རྒྱུག་འགྲན་སྡུར། ཆེད་ལས་ཅན་གྱི་སྐྱེས་མའི་སྤྱི་ལེ50ཅན་གྱི་རྐང་རྒྱུག་འགྲན་སྡུར།  ཆེད་ལས་ཅན་གྱི་སྐྱེས་པའི་སྤྱི་ལེ50ཅན་གྱི་རྐང་རྒྱུག་འགྲན་སྡུར།  གཞན་ད་དུང་མེ་ཕུང་སྐོར་བྲོ་དང་།  ཤོམ་འགྲོ། རིག་དངོས་ཐོན་རྫས་འགྲེམ་སྟོན། ལག་རྩེད་སྤོ་ལོ་འགྲན་སྡུར། མི་རིགས་མདའ་འཕེན་འགྲན་སྡུར། དམངས་གླུ་འགྲན་སྡུར། གླུ་དབྱངས་མཉམ་ལེན་འགྲན་སྡུར་སོགས་སྲོལ་རྒྱུན་འགྲན་སྡུར་གྱི་རྣམ་པ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་རྣམས་ལ་ཐུན་ཏེ་རྫོང་གི་དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་ཁྱབ་བརྡལ་དུ་བཏང་བ་བརྒྱུད།  ལུས་རྩལ་དང་རིག་གནས་གཉིས་ཟུང་འབྲེལ་བྱེད་པ་ནི་ཐེངས་འདིའི་འགྲན་སྡུར་གྱི་ཁྱད་ཆོས་གཙོ་བོ་ཡིན་ལ།   རྫོང་རུ་རིག་གནས་དྲིལ་སྒྲོག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།

ཐུན་ཏེ་ས་ཆ་ནི་རྨ་ཆུའི་འགྲན་རྒྱུད་དུ་ཆགས་ཡོད་པས་རྨ་ཆུ་སྔོན་མོས་རྫོང་རུའི་འབྱུང་ཡུལ་ཏེ་དག་གཙང་གི་གནས་མཆོག་འདི་ལ་མཛེས་སྡུག་གི་ངོ་མཚར་གཞན་ཞིག་བསྩལ་ཅིང་། གནས་འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་བོ་སྟེ།  རྨ་ཆུའི་ཁུགས་སོ་གཉིས་པར་གྲགས་པས་གནས་འདིའི་མི་རྣམས་ནི་འཆམ་མཐུན་མཉམ་གནས་ངང་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་ལ་སྙེག་བཞིན་དཔལ་འབྱོར་སྤྱི་ཚོགས་རྒྱུད་མཐུན་ངང་འཕེལ་རྒྱས་སུ་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་དང་སྐྱོད་བཞིན་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན།   རྫོང་རུའི་གནའ་ཤུལ་ནི་མཱ་ཅ་ཡའོ་རིག་གནས་དེ་མཚོ་སྔོན་ནང་ཁུལ་གྱི་རྨ་ཆུའི་སྟོད་རྒྱུད་དུ་ཁྱབ་པའི་ཆེས་ཐག་རིང་གི་གནས་མཚམས་ཡིན་པ་དང་། རྫོང་རུ་རིག་གནས་རྗེས་ཤུལ་ལ་ཤེས་རྟོགས་བྱུང་མཁན་ཞིག་ཡིན་ཚེ། རྫོང་རུ་རིག་གནས་གནའ་ཤུལ་ནས་ཐོན་པའི་རྫ་ཆས་སྟེང་དུ་མི་གཉིས་ཀྱིས་དངོས་ཟོག་འདེགས་གཞོང་དང་ཞབས་བྲོའི་རི་མོ་འབྲི་གཞོང་ཐོག་བྲིས་ཡོད་པའི་རི་མོ་ཡོད་ལ། རི་མོ་དང་ཐིག་རིས། ལག་རྡང་སྦྲེལ་བའི་ཞབས་བྲོ་དང་དངོས་ཟོག་འདེགས་པའི་བྱེ་བྲག་གི་གཟུགས་བརྙན་དེས་སྡེ་འདིའི་མང་ཚོགས་རྣམས་མཐུན་སྒྲིལ་མཉམ་གནས་སྒོས་མདུན་སྐྱོད་བྱེད་པའི་བསམ་བློའི་དོན་སྙིང་མངོན་པར་མཚོན་ཡོད།

ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཏེན་རོས་ཡིས་ཀྱིས་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིག་ཞིན་ཧེ་ཡིས་གཏམ་བཤད་གནང་བཞིན་པ།

ཤན་འབྱེད་པའི་འཐུས་ཚབ་མི་སྣས་དམ་བཅའ་འཇོག་བཞིན་པ།

འགྲན་ཞུགས་འཐུས་ཚབ་མི་སྣས་དམ་བཅའ་འཇོག་བཞིན་པ།

མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་ཐར་གྱིས་འགྲན་སྡུར་འགོ་རྩོམ་པར་ཁྱབ་སྒྲོག་བྱེད་པ།

འགྲན་སྡུར་དངོས་སུ་འགོ་བརྩམས་པ།

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

ཤོམ་འགྲོ

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

གླུ་གཞས་སྙན་མོ་ངག་ལ་འགུག་བཞིན་པ།

ཐོན་རྫས་འགྲེམ་སྟོན།

ཐོན་རྫས་འགྲེམ་སྟོན།

ཐོན་རྫས་འགྲེམ་སྟོན།

ཐོན་རྫས་འགྲེམ་སྟོན།

སྤྱི་ལེ50ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་མཁན་རྣམ་གཉིས་འགོ་རྩོམ་སར་རྒྱལ་ཁའི་ངང་ཐོན་པ།

སྐྱེས་མའི་སྤྱི་ལེ16ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན་རྣམས།

སྐྱེས་པའི་སྤྱི་ལེ16ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན་རྣམས།

སྐྱེས་པའི་སྤྱི་ལེ50ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན་རྣམས།

སྐྱེས་མའི་སྤྱི་ལེ50ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན་རྣམས།

ལྟད་མོ་བའི་ཚོགས།

འབྲེལ་ཡོད་འགོ་ཁྲིད་དང་བྱ་དགའ་ཐོབ་མཁན་ལྷན་རྒྱས་ཀྱི་མཉམ་པར།

གསར་འགོད་པ།  དབང་རྒྱལ་ཚེ་རིང་།