ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དོ་དམ་སྲོལ་ཡིག་དངོས་སུ་ལག་བསྟར་བྱས། སྲོལ་ཡིག་ལས་ཡུལ་ཤུལ་ཁུལ་ནང་ཁུལ་གྱི་རྨ་འབྲི་རྫ་གསུམ་སོགས་ཀྱི་གཞུང་རྒྱུན་དང་ཆུ་ལག་སོགས་ཀྱི་ནང་དུ་ཕྱི་ཡི་དངོས་རིགས་དང་ཕྱི་ཡི་ཉ་རིགས་ཚེ་ཐར་ལ་གཏོང་རྒྱུ་གཏན་འགོག་བྱ་རྒྱུ་གཏན་ཁེལ་བྱས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཉ་ལས་དོ་དམ་སྡེ་ཁག་གིས་འགན་འཁྲི་ཁུར་ཡོད།