《ཏང་གི་དར་ཆའི་འོག་ཏུ་བདེ་སྐྱིད་འཁྱིལ》ཞེས་པའི་དཔེ་ཀློག་འགྲན་སྡུར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ནས་བསྡུས།
2019.06.11 ཁུངས། ཀློག་གྲངས། 1759

སྤྱི་ཟླ6པའི་ཚེས11ཉིན། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་མགོ་ལོག་ཁུལ་དཔེ་མཛོད་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པ། མགོ་ལོག་ཁུལ་སྲིད་གཞུང་བཙུགས་ནས་ལོ་འཁོར65ལོན་པར་རྟེན་འབྲེལ་ཞུ་བའི་དཔེ་ཀློག་འགྲན་སྡུར་《ཏང་གི་དར་ཆའི་འོག་ཏུ་བདེ་སྐྱིད་འཁྱིལ》ཞེས་པ་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ནས་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་ལས་ཁུངས་སོ་སོའི་གདན་ཞུའི་སྐུ་མགྲོན། དཔྱད་འདེམ་པ། སློབ་མ་སོགས་ཁྱོན་སྡོམ་མི་གྲངས་སྟོང་ལྷག་ཡུལ་དངོས་སུ་ཡོང་ནས་ཐེངས་འདིའི་དཔེ་ཀློག་འགྲན་སྡུར་ལ་རོལ་མྱོང་བྱས།

འགྲན་ཞུགས་པ་རྣམས་ཀྱིསཏང་གི་དར་ཆའི་འོག་ཏུ་བདེ་སྐྱིད་འཁྱིལཞེས་པའི་བརྗོད་དོན་གཞིར་བཟུང་སྟེ་དཔེ་ཀློག་གི་རིན་ཐང་དང་དཔེ་ཀློག་གི་དགོས་པ། དཔེ་ཀློག་གི་གལ་ཆེན་རང་བཞིན་སོགས་ཀྱིས་མཚོན་པའི་འཁྲབ་ཚན་རེ་རེ་ལྟད་མོ་བའི་མིག་གི་དཔྱིད་དུ་བསྟར་བ་དང་།     དཔྱད་འདེམ་པ་རྣམ་པས་དྲང་བོ་དྲང་བཞག་གིས་བྱ་འགུལ་འདིའི་ནང་དོན་གྱི་ཆ་འབུར་དུ་ཐོན་པ་གནད་དུ་བཟུང་ནས་སྐར་མ་བརྒྱབ་སྟེ། ཕྱི་དྲོའི་ཆུ་ཚོད་བཞི་ཙམ་དུ་འགྲན་སྡུར་བདེ་ལེགས་ངང་མཇུག་རྫོགས།

ཐེངས་འདིའི་དཔེ་ཀློག་འགྲན་སྡུར་གྱི་བྱ་འགུལ་ནི་ལོ་རིམ་བར་གྱི་འགྲན་སྡུར་དང་།  རིག་ཚན་བར་གྱི་འགྲན་སྡུར།  སློབ་མའི་འགྲན་སྡུར།  དགེ་རྒན་གྱི་འགྲན་སྡུར་བཅས་རིམ་པ་བཞི་རུ་བཀར་ནས་འགྲན་སྡུར་བྱས་པས་དགེ་སློབ་ཡོངས་ལ་ཁོད་ཡངས་པའི་གར་སྟེགས་ཤིག་བསྐྲུན་ཡོད་པར་མ་ཟད། ནང་དོན་དང་རྣམ་པ་སོགས་ཀྱང་སློབ་རའི་ཁོར་ཡུག་དང་འཚམས་པར་བྱས་ཡོད་པས།   དགེ་སློབ་ཡོངས་ཀྱི་དཔེ་ཀློག་གི་དགའ་ཕྱོགས་སྐྱེད་སྲིང་དང་སྤྲོ་སྣང་མཐོར་འདེགས་སུ་བཏང་ནས་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་དཔེ་ཀློག་གི་མཁའ་དབུགས་ཡག་པོ་ཞིག་ཆགས་པར་རྨང་གཞི་བརྟན་པོ་འདིང་བར་ནུས་པ་མི་དམན་པ་ཐོན་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།

ཐེངས་འདིའི་འགྲན་སྡུར་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དང་གདན་ཞུའི་དཔྱད་འདེམ་པ་ལྷན་རྒྱས།

མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་བསོད་ནམས་དཔལ་ལྡན་གྱིས་ཤིས་ཚིག་འབུལ་བཞིན་པ།

སློབ་གཙོ་བསོད་ནམས་དཔལ་ལྡན་དང་སློབ་གཙོ་གཞོན་པ་ལིས་ཞོ་ལིན་གཉིས་ཀྱིས་སྦྱིན་བདག་རྣམས་ཀྱིས་ཐེངས་འདིའི་དཔེ་ཀློག་འགྲན་སྡུར་ལ་ཕུལ་བའི་ཞལ་འདེབས་དང་ལེན་བྱེད་བཞིན་པ།


མགོ་ལོག་ཁུལ་དཔེ་མཛོད་ཁང་གི་འགོ་གཙོ་དབང་ཆེན་ལྷ་མོས་མགོ་ལོག་ཁུལ་མི་རིགས་མཐོ་འབྲིང་ལ་སྐོར་བསྐྱོད་དཔེ་ཁང་གི་སྒོ་བྱང་གནང་བཞིན་པ།

དཔེ་ཀློག་འགྲན་སྡུར་ལ་ཞུགས་པའི་འགྲན་ཞུགས་དགེ་སློབ་རྣམས།

དཔེ་ཀློག་རྒྱབ་ཀྱི་འཁྲབ་སྟོན།

དཔེ་ཀློག་རྒྱབ་ཀྱི་འཁྲབ་སྟོན།

དཔེ་ཀློག་རྒྱབ་ཀྱི་འཁྲབ་སྟོན།

འགྲན་སྡུར་བར་གསེང་གི་རིག་རྩལ་འཁྲབ་སྟོན།

ཚོགས་རའི་ཡུལ་དངོས།

བྱ་དགའ་གནང་བའི་གོ་རིམ།

གསར་འགོད་པ།  ཨ་བརྟན་རྒྱལ།  གནམ་སྐྱབས་རྒྱལ།  ལྕགས་ཐར་ཚེ་རིང་།